དབུ་ཤོག
  • རང་རེའི་རྒྱལ་ཁབ་ཀྱི་སྒྲིག་གཞི་གང་འདྲ་ཞིག་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-04

    ⑴ རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་ཡིན། སྐབས་ཐེངས་དེའི་རིང་གི་མི་དམངས་སྲིད་གཞུང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ནི་དེ་ལས་བདམས་ཐོན་བྱུང་བ་དང་དེ་ཡིས་འགོ་ཁྲིད་དང་ལྟ་རྟོག་བྱེད་པ་ཡིན།

    ⑵ རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ཡིན།

    ⑶ རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ས་གནས་རིམ་པ་ཁག་གི་མི་དམངས་ཁྲིམས་ཁང་། ཆེད་གཉེར་མི་དམངས་ཁྲིམས་ཁང་བཅས་ཡིན།

    ⑷ རྒྱལ་ཁབ་ཀྱི་བཅས་ཁྲིམས་ལྟ་སྐུལ་ལས་ཁུངས་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་རིམ་པ་ཁག་གི་མི་དམངས་ཞིབ་དཔྱོད་ཁང་། ཆེད་གཉེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཡིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།