དབུ་ཤོག
  • རྩ་ཁྲིམས་ནང་བུད་མེད་ཀྱི་འདྲ་མཉམ་དབང་ཆར་གཏན་འབེབས་ཇི་ལྟར་བྱས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-01

    《རྩ་ཁྲིམས》ཀྱི་དོན་ཚན་48ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྱིམ་ཚང་འཚོ་བ་སོགས་ཕྱོགས་ཚང་མར་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད།

    རྒྱལ་ཁབ་ཀྱིས་བུད་མེད་ཀྱི་དབང་ཆ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེས་པ་དང་བུད་མེད་ལས་རིགས་གཅིག་ལ་ཐོབ་ཆ་གཅིག་མཚུངས་ལག་བསྟར་བྱ་རྒྱུ། བུད་མེད་ལས་བྱེད་པ་གསོ་སྐྱོང་དང་བདམས་ཐོན་བྱ་རྒྱུ།

    ༡ ཕྱིར་སྡོད་ཀྲུང་གོ་བ་དང་། ཕྱིར་ལོག་ཟིན་པའི་ཀྲུང་གོ་བ། ཕྱིར་སྡོད་ཀྲུང་གོ་བའི་སྤུན་མཆེད་བཅས་ཀྱི་ཁེ་དབང་ལ་རྩ་ཁྲིམས་ནང་གཏན་འབེབས་ཇི་ལྟར་བྱས་ཡོད་དམ།

    《རྩ་ཁྲིམས》ཀྱི་དོན་ཚན་50ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱིར་སྡོད་ཀྲུང་གོ་བའི་ལུགས་མཐུན་ཁེ་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་དང་ཕྱིར་ལོག་ཟིན་པའི་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བའི་སྤུན་མཆེད་ཀྱི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ།

    ༢ རྩ་ཁྲིམས་ནང་རང་རྒྱལ་སྤྱི་དམངས་ཀྱི་རང་དབང་དང་ཁེ་དབང་གི་ཚད་གཞི་གཏན་འབེབས་ཇི་ལྟར་བྱས་ཡོད་དམ།

    《རྩ་ཁྲིམས》ཀྱི་དོན་ཚན་51ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་སྐབས་རྒྱལ་ཁབ་དང་། སྤྱི་ཚོགས། མཉམ་སྡེབ། སྤྱི་དམངས་གཞན་གྱི་རང་དབང་དང་དབང་ཆ་བཅས་ལ་གནོད་འཚེ་གཏོང་མི་ཆོག

    ༣ རྩ་ཁྲིམས་ནང་རང་རྒྱལ་སྤྱི་དམངས་ཀྱི་སློབ་གསོ་དང་ལེན་བྱེད་དབང་དང་འོས་འགན་གཏན་འབེབས་ཇི་ལྟར་བྱས་ཡོད་དམ།

    《རྩ་ཁྲིམས》ཀྱི་དོན་ཚན་46ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་འོས་འགན་ཡོད།

    རྒྱལ་ཁབ་ཀྱིས་གཞོན་ནུ་དང་། ལོ་ཆུང་། བྱིས་པ་བཅས་ཀྱི་ཀུན་སྤྱོད་དང་། རིག་སྟོབས། གཟུགས་པོ་སོགས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་གསོ་སྦྱོང་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།