དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-29

    གཟའ་འཁོར་འདིའི་དུས་མཇུག་ཏུ་རང་ལྗོངས་ཀྱི་ཤར་རྒྱུད་དུ་ཆར་པ་འབབ་མང་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་8ཚེས་28ཉིན་ནས་ཟླ་9ཚེས་3ཉིན་བར)

    གཟའ་ཟླ་བ་ནས་ཕུར་བུའི་བར་ནག་ཆུ་དང་། ཆབ་མདོའི་བྱང་རྒྱུད། གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། གཟའ་པ་སངས་ནས་ཉི་མའི་བར་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། གཞིས་རྩེ་དང་། ལྷ་ས། ལྷོ་ཁ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    1.ཞིང་ཁུལ་གཙོ་བོས་གོ་སྐབས་དམ་འཛིན་གྱིས་ལོ་ཏོག་བརྔ་བསྡུ་དང་གཡུལ་ལས་གཏོང་དགོས།

    2.གཟའ་འཁོར་འདིའི་དུས་མཇུག་ཏུ་ཤར་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།