རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་ལ་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོའི་གྲས་ཤིག་ཡིན་པའི་ཁྲའར་ཧན་ཚྭ་མཚོར་ཐོན་ཁུངས་འབེལ་བ་མ་ཟད། ཡུལ་སྐོར་བྱ་ཡུལ་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། གསར་འགོད་པར་2017ལོའི་ཀྲུང་གོའི་མཚོ་སྔོན་གོར་མོའི་ཁུན་ལུན་རིག་གནས་ཡུལ་སྐོར་དུས་ཆེན་ནས་ཤེས་རྟོགས་བྱུང་བར། འཆར་འགོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4000ཙམ་ལྡན་པའི་ཁྲའར་ཧན་ཚྭ་མཚོ་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་ཉེ་དུས་སྐྲུན་འགོ་ཚུགས་ཤིང་། དུས་སང་ཟླ་6ཚེས་1ཉིན་བསྐྲུན་ཟིན་རེ་ཡོད་པ་དང་བསྐྲུན་རྗེས་ཚྭ་མཚོར་ལྟ་སྐོར་དང་རང་བྱུང་ཁམས་ཀྱི་གསང་བ་བརྟོལ་བ་སོགས་སྣོད་བཅུད་ཡུལ་སྐོར་རྣམ་གྲངས་གཏོད་རྒྱུ་ཡིན་ཞིང་། འདི་ནི་ཟླ་8པའི་ཟླ་དཀྱིལ་དུ་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ཁྲའར་ཧན་ཚྭ་མཚོར་བསྐྱོད་དེ་གཡུ་མདོག་གི་རྦ་རླབས་དང་དངུལ་མདོག་གི་ཚྭ་ཁའི་ཐུན་མིན་མཛེས་སྡུག་ཉམས་སུ་མྱོང་བཞིན་པ།