དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་རྒྱུན་གཏན་ལས་དོན་ལས་མཚོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-25

    ཁོང་ལ་མི་སེམས་འགུལ་བའི་ལས་རྗེས་མང་པོ་མེད་ཀྱང་། ཡོད་པ་ནི་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་ཀ་བྱེད་བཞིན་ཡོད་པ་དེ་རེད། ཁོང་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དཔེ་བཟང་བ་ཞིག་རེད་ལ། སློབ་སྦྱོང་དང་ལས་ཀའི་ཁྲོད་ཀྱི་མིག་དཔེ་བཟང་པོ་དང་དཔེ་སྟོན་བཟང་པོ་ཞིག་ཀྱང་རེད། ཁོང་ནི་ལྷ་ས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་ཚོགས་ཆུང་གི་དྲིལ་བསྒྲགས་པུའི་པུའུ་ཀྲང་ཙེང་ཞའོ་ཀྲོའུ་རེད། འཚོ་བ་དང་ལས་ཀའི་ཐད་ཙེང་ཞའོ་ཀྲོའུ་ཡིས་ཕྱོགས་གང་ཅིའི་ཐད་ནས་མི་གཞན་ལ་བསམ་བློ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་ལས་ཀར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པ་ཡོད་པའི་བྱ་བ་མང་པོ་བསྒྲུབས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་པ་བྱས་པ་རེད།

    ཙེང་ཞའོ་ཀྲོའུ་ལས་ཀར་ཞུགས་པ་ནས་བཟུང་ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་། རང་འཁྲིའི་ལས་འགན་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་བཅངས་པའི་སྤྲོ་སེམས་བཅས་ཚང་མ་རང་ཉིད་ཀྱི་བྱ་གཞག་ནས་མཚོན་པ་བྱེད་ཀྱི་ཡོད། ཁོང་གིས་གཏམ་བརྗོད་དང་བྱ་སྤྱོད་ནས་གུང་ཁྲན་ཏང་ཡོན་གྱིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཚོན་པར་བྱེད་པ་དང་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ལག་ལེན་བྱེད་ཀྱི་ཡོད།

    བོད་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན། ཙེང་ཞའོ་ཀྲོའུ་ཡིས་མཐའ་མཚམས་སུ་གཞི་ཚུགས་པ་དང་ལས་ཀ་སྒྲུབ་པར་དང་ཐོག་མཛའ་གྲོགས་ཀྱི་བསམ་པ་ལྡན་པ་བྱས་ཏེ་བོད་རིགས་སྤུན་ཟླས་གཙོ་བོ་བྱས་པའི་མི་རིགས་མང་པོའི་ཁྲོད་དུ་ཁོང་ཚོ་དང་འབྲེལ་འདྲིས་བྱས་ནས་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་། མི་རིགས་ཀྱི་གོམས་གཤིས་ལ་བརྩི་འཇོག མི་རིགས་ཀྱི་གྲོགས་པོ་མང་པོ་སྒྲིག་པ་བཅས་བྱས་ཏེ་སེམས་ཀྱི་གཏིང་དུ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཅངས་ཡོད། ཁོང་གིས་ལས་ཀ་དང་འཚོ་བའི་ཁྲོད་བོད་ཀྱི་ལོ་རྒྱུས་ཤེས་བྱ་དང་ཆོས་ལུགས་རིག་གནས་དང་འབྲེལ་བ་ཡོད་པའི་ཤེས་བྱར་ཆེད་མངགས་སློབ་སྦྱོང་བྱས་ཏེ་བོད་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་མི་རིགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་ཆེད་བསམ་བློའི་རྨང་གཞི་ཡག་པོ་བཏིངས་པ་རེད།

    ཙེང་ཞའོ་ཀྲོའུ་ཡིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་བསྒྲུབས་ཚུན་མི་རིགས་ཀྱི་བློ་མཐུན་མང་པོ་དང་འབྲེལ་བ་བྱེད་དགོས་པ་དང་རིམ་པའང་མང་བས་གལ་ཏེ་རང་ཉིད་ཀྱིས་སྣེ་ཁྲིད་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་མ་བསྒྲུབས་ན་ཚན་པ་ཧྲིལ་པོའི་ལས་དོན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ཤེས་ཀྱི་ཡོད། རྒྱུན་གཏན་ལས་དོན་ཁྲོད་ཙེང་ཞའོ་ཀྲོའུ་ཡིས་བློ་མཐུན་སོ་སོའི་ཁྱད་ཆོས་ལ་དོ་སྣང་དང་ཁོང་ཚོའི་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་རྒྱུན་དུ་ཁོང་ཚོ་དང་གྲོས་བསྡུར་དང་། བསམ་བློ་སྤེལ་རེས། ཁྱིམ་ཚང་གི་སྐོར་གླེང་བ། འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག ཁོང་གིས་ལྷག་དོན་དུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་བཟོ་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་དམ་འཛིན་ལ་གཙིགས་ཆེན་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྣམ་པ་འདྲ་མིན་གྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་ནས་ཚང་མས་མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་མི་ཤོད་པ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་མི་སྒྲུབ་པར་མི་ཚང་མ་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་ཞིག་བྱེད་ཐུབ་པ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།