“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། དྲིལ་བསྒྲགས་བྱ་ཐབས་གསར་གཏོད་བྱེད་པ། ལག་ལེན་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། “སློབ་གསོ་གཏོང་ཡུལ་གང་དུ་ཡོད་པ་དེ་གར་སྒྲོག་འགྲེལ་བྱེད་རྒྱུ”མཐའ་འཁྱོངས་བྱེད་པ། བྱ་ཐབས་སྣ་ཚོགས་སྤྱོད་པ་བཅས་ཀྱི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཇ་ཁང་དང་། དུས་རྒྱུན་འཚོ་བ། སློབ་ཁང་བཅས་སུ་ཁྱབ་པའི་བྱེད་སྒོ་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུར་གཞི་ཁྱོན་དང་། ཁྱད་ཆོས། བཀྲག་མདངས་འཚེར་ས། ཕན་འབྲས་བཅས་ལྡན་པའི་འགན་ལེན་བྱས་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་གི་འགན་འཁུར་བ་ཡོན་ཚུན་ཅིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཇ་ཁང་དུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་ནི་ཡུལ་དེ་གའི་མང་ཚོགས་དང་ཕྱོགས་མིར་བསམ་བློའི་སློབ་གསོ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པའི་ཕན་འབྲས་ལྡན་པའི་ཚོད་ལྟ་ཞིག་ཀྱང་རེད། སྒྲོག་འགྲེལ་ནང་དོན་ཇ་ཁང་དུ་དྲིལ་བསྒྲགས་བྱས་པ་དང་ཞིང་འབྲོག་མང་ཚོགས་དང་ཕྱོགས་མིའི་ཁྲོད་སྒྲོག་འགྲེལ་ལས་དོན་སྤེལ་བས། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་ལ་དུས་བབ་གསར་པའི་འོག་ལས་བྱེད་པས་མང་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ཆོད་སེམས་ཆེ་རུ་ཕྱིན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”མི་སེམས་ལ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད་པ་རེད།
“སྣང་ཆེན་བཞི་དང་དགའ་ཞེན་བཞི”རྒྱུན་གཏན་འཚོ་བའི་ནང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྒྲོག་འགྲེལ་ནང་དོན་དངོས་ཡོད་འཚོ་བ་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་པ་ཇ་ཁང་དང་། ལས་ཡུལ། ཞིང་ནང་དང་མུ་ཁ། དམངས་ཕན་ཞབས་ཞུའི་ལྟེ་གནས་སོགས་སུ་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་མང་ཚོགས་དང་ཕྱོགས་མིའི་ལས་མིའི་ལས་ཞོར་དུས་ཚོད་ནང་གཅིག་སྡུད་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། གློག་བརྙན་སྟོན་པ། ཤེས་བྱ་འགྲན་བསྡུར། གསར་བརྗེའི་གླུ་གཞས་འགྲན་བསྡུར། ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཚོས་དང་ལེན་བྱེད་སླ་བ་དང་དང་ལེན་ཡག་པོ་ཐུབ་རྒྱུ་དེ་ཡིན་པ་རེད།
ཡོན་ཚུན་ཅིང་གིས་གོམ་སྟབས་རྗེས་མའི་ལས་དོན་ཁྲོད་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ནས་གཙོ་གནད་མངོན་གསལ་དོད་པོ་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ“གཅིག་དྲུག”གི་བྱེད་སྒོ་ཤུགས་ཆེན་སྤེལ་རྒྱུ་ཡིན་ཞེས་བརྗོད་པ་རེད།