དབུ་ཤོག
  • རང་ལ་རན་པའི་ཕྱི་ལུགས་གྱོན་གོས་འདེམས་སྟངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-18

    ཕྱི་ལུགས་གྱོན་གོས་西服ཆེ་ཆུང་སྣ་ཚོགས་ཡོད་པ་སྟེ། Yབཟོ་ལྟ་ཡིན་ན་ལུས་ཤ་སྐམ་པོས་གྱོན་ན་འཚམ། Aབཟོ་ལྟ་ཡིན་ན་ལུས་ཤ་ཚད་ལྡན་གྱིས་གྱོན་ན་འཚམ། Bབཟོ་ལྟ་ལུས་ཤ་ཅུང་རྒྱགས་པས་གྱོན་ན་འཚམ། Cབཟོ་ལྟ་ཡིན་ན་

    ལུས་ཤ་རྒྱགས་པས་གྱོན་ན་འཚམ།

    རང་ལ་ཏག་ཏག་རན་པའི་ཕྱི་ལུགས་ཀྱི་གྱོན་གོས་ནི་ལག་གཉིས་མར་གློད་རྗེས་སྟོད་ཐུང་གི་འཛབས་རིང་ཐུང་དེ་མཐེ་བོང་གི་རྩེ་ལས་མི་བརྒལ་བ་དང་། ཕུ་ཐུང་གི་རིང་ཚད་དེ་ལག་མགོའི་ཚིགས་མཚམས་སུ་སླེབས་པ། འོག་མཇུག་གི་

    ཕུ་ཐུང་རིང་ཚད་དེ་སྟོད་ཐུང་གི་ཕུ་ཐུང་ལས་ལི་སྨི་1གིས་རིང་བ་བཅས་དགོས་པ་དང་། སྟོད་ཐུང་གི་ཞེང་ཚད་ནི་རང་ཉིད་ཀྱི་བྲང་ཞེང་ལས་ལི་སྨི་15ནས་18བར་ཆེ་བ་དགོས་པ་སྟེ། སྤྱིར་ན་ཐེབས་ཆི་རྒྱག་སའི་མཚམས་སུ་མཛོག་མགོ་

    གཅིག་ཐར་ཙམ་བྱུང་ན་འགྲིག མདོར་ན་ཕྱི་ལུགས་ཀྱི་གྱོན་གོས་ཆེ་དྲགས་པའམ་ཡང་ན་ཆུང་དྲགས་ན་ཡག་པོ་མེད་པས་ཡིད་གཟབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།