1.སྨན་གང་བྱུང་དུ་གཏོང་མི་རུང་། སྨན་རྫས་ཁག་གཅིག་གིས་མངལ་ཆགས་ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་ཉེན་ཆེ།
2.ནད་དུག་འགོ་རྒྱུ་སྔོན་འགོག་བྱེད་པ། ནད་དུག་ཤ་མ་བརྒྱུད་མངལ་ཆགས་ཕྲུ་གུར་འགོས་ཏེ་ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་ཉེན་ཆེ། ཟྭ་འབྲུམ་དང་། ཆམ་རིམས། ཆུ་ཐོར། ཕྲ་ཕུང་ཆེན་པོ། ཆུ་འབྲུམ་བཅས་ཀྱིས་མངལ་ཤོར་བ་དང་ཕྲུ་གུ་ཁོག་པའི་ནང་ཤི་བའི་གནས་ཚུལ་ཐོན་ཉེན་ཆེ།
3.གཡོལ་དགོས་པའི་གནོད་ཡོད་དངོས་རྫས། ལིན་དང་། ཞ་ཉེ། ཧྲིན། ཡ་ཤའོ་སོན་ན། བཀྲག་རྩི། ཞིང་སྨན། འབུ་སྨན་བཅས་རྫས་འགྱུར་དངོས་རྫས་ཀྱིས་ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་བའམ་ཡང་ན་མངལ་ཆགས་ཕྲུ་གུར་ནད་བྱུང་ཉེན་ཆེ།
4.འཕྲོ་འོད་དང་འཕྲོ་འགྱེད་ལ་གཡོལ་ཐབས་བྱེད་པ། Xའཕྲོ་འོད་དང་རིགས་མཚུངས་དངོས་རྒྱུའི་འཕྲོ་འོད་ཀྱིས་མངལ་ཤོར་བ་དང་། ཕྲུ་གུ་ཁོག་པའི་ནང་ཤི་བ་བཅས་ཀྱི་གནས་ཚུལ་ཐོན་ཉེན་ཆེ།
5.ཐ་མག་དང་ཨ་རག་འགོག་པ། ཐ་མག་འཐེན་མཁན་སྐྱེད་མའི་ཕྲུ་གུ་ཐ་མག་མ་འཐེན་མཁན་གྱི་སྐྱེད་མའི་ཕྲུ་གུའི་ལྗིད་ཚད་ལས་ཆ་སྙོམས་ཁེ་200ཡང་བ་ཡོད། ཨ་རག་བཏུང་ཚེ་མངལ་ཤོར་བ་དང་། སྐྱེ་ཟླ་མ་ཤར་གོང་སྐྱེས་པ། ཕྲུ་གུ་ཁོག་པའི་ནང་ཤི་བ། མངལ་ཆགས་ཀྱི་འདུས་ནད་སོགས་བྱུང་སྲིད།
6.འཛེར་སྒྲ་འགོག་པ། འཛེར་སྒྲས་སྦྲུམ་མའི་དབང་རྩའི་མ་ལག་གི་ནུས་པར་ཤུགས་རྐྱེན་ཐེབས་སྲིད་པའམ་ཡང་ན་མངལ་ཆགས་ཕྲུ་གུ་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་སུ་འགྱུར་ཉེན་ཆེ།