དབུ་ཤོག>གསར་འགྱུར།
  • གཉའ་ནང་རྫོང་གིས་ཏང་ཡོན་བྱེད་སྒོ་ཁང་གི་གསོན་ཉམས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-18

    གྲོང་ཚོའི(གྲོང་ལྷན)ཏང་ཡོན་བྱེད་སྒོ་ཁང་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོ་རིམ་པའི་ཏང་ཡོན་བྱེད་སྒོ་ཁང་གི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་བྱ་ཆེད། གཉའ་ནང་རྫོང་གིས“གསར་འཛུགས་གསུམ”བརྒྱུད་ཏང་ཡོན་གྱིས་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱེད་པའི་ནུས་པ་སྐྱེད་སྲིང་དང་། ཏང་ཡོན་བྱེད་སྒོ་ཁང་གི་གསོན་ཤུགས་འཕེལ་བ། ཏང་ཡོན་བྱེད་སྒོ་ཁང་སྤྱོད་ཚད་མང་དུ་གཏོང་བ་བཅས་བྱས་ནས་ཏང་ཡོན་བྱེད་སྒོ་ཁང་ཡག་པོ་སྐྲུན་པ་དང་། དོ་དམ་ཡག་པོ། ཡག་པོ་སྤྱོད་པ་བཅས་ཀྱི་འགན་ལེན་བྱས་པ་རེད།

    “དཔེ་སྟོན་ས་ཚིགས”གསར་འཛུགས་བྱས་ཤིང་། གཉའ་ནང་རྫོང་གིས་གཏན་འཁེལ་བྱས་པའི་ཇུས་གཞིར་གཞིགས་ཏེ“མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོ”དང་། “དཔེ་སྟོན་གྲོང་ཚོ(གྲོང་ལྷན)”“ཁྱད་ལྡན་གྲོང་ཚོ(གྲོང་ལྷན)”བཅས་གསར་འཛུགས་བྱ་རྒྱུ་དམིགས་ཚད་དུ་བྱས་པ་དང་། སྲིད་འཛིན་གྲོང་ཚོ་44ཡི་ཁྲོད་ཁྱད་ལྡན་གྲོང་ཚོ(གྲོང་ལྷན)12བདམས་ནས་གསར་འཛུགས་བྱས་པ་དང་ཏང་འཛུགས་སྐྱོང་ལམ་ལུགས་དང་། རྩ་འཛུགས་ཀྱི་སྐབས་བརྗེའི་དྲིལ་བསྒྲགས་ལམ་ལུགས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སློབ་སྦྱོང་ལམ་ལུགས། “5+3”གྲོང་སྡོད་ལས་འགན་ལས་དོན་ལམ་ལུགས་བཅས་གྱང་སྟེང་དུ་བཀལ་བ། གྲོང་ཚོའི(གྲོང་ལྷན)ཏང་ཡོན་བྱེད་སྒོ་ཁང་དེ་ཞིང་འབྲོག་པའི་ཏང་ཡོན་གྱི་ཆེད་ལས་རྩལ་ནུས་ཆེ་རུ་གཏོང་བའི“ནང་སྦྱོང་ཁང”དང་། རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི“དཔེ་སྟོན་ས་ཚིགས”གྲོང་ཚོའི(གྲོང་ལྷན)མི་རིགས་ཁྱད་ཆོས་འཛུགས་སྐྲུན་གྱི“སྣེ་ཁྲིད་པ”བཅས་སུ་གསར་འཛུགས་བྱས་པ་རེད།

    “སློབ་སྦྱོང་ཁང”གསར་འཛུགས་བྱས་ཤིང་། གཉའ་ནང་རྫོང་གིས་ཏང་ཡོན་བྱེད་སྒོ་ཁང་དེ་ཏང་ཡོན་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་པའི“སློབ་སྦྱོང་ཁང”དུ་འཛུགས་རྒྱུ་མཐའ་འཁྱོངས་བྱས་པ་དང་གྲོང་ཚོ(གྲོང་ལྷན)ཁག་གི་ཏང་ཀྲི་པུས་བྱེད་སྒོ་ཁང་གང་ལེགས་སྤྱད་དེ་རྩ་འཛུགས་འཚོ་བའི་ཚོགས་འདུ་ཚོགས་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་བྱེད་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་གཏོད་པ་དང་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་ཏང་གི་སྒྲིག་ཡིག་དང་ཏང་གི་ལོ་རྒྱུས་སོགས་ཀྱི་དུས་དེབ་ཏང་ཡོན་བྱེད་སྒོ་ཁང་དུ་སྒྲིག་ནས་གྲོང་སྡོད་ལས་བྱེད་པ་དང་། ཞིང་འབྲོག་པ་ཏང་ཡོན། ཞིང་འབྲོག་མང་ཚོགས་བཅས་ལ“དུས་དང་རྣམ་པ་ཀུན་ཏུ་དེབ་ལྟ་བ་དང་སློབ་སྦྱོང་བྱ་རྒྱུར”སྟབས་བདེ་བསྐྲུན་ཏེ་ཏང་ཡོན་དང་མང་ཚོགས་ཚོས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སྔར་བས་ཁོང་དུ་ཆུད་པ་དང་ཤེས་བྱ་དེ་བས་མང་བ་སློབ་སྦྱོང་ཐུབ་པའི་འགན་ལེན་བྱས་པ་རེད།

    མིག་སྔའི་བར། རྫོང་དེའི་གྲོང་ཚོ(གྲོང་ལྷན)ཁག་གིས་གྲོང་ཚོའི(གྲོང་ལྷན)ཏང་ཡོན་བྱེད་སྒོ་ཁང་གང་ལེགས་སྤྱད་དེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཉེན་བརྡའི་སློབ་གསོའི་པར་གཞི་ཐེངས་1200ལྷག་ཙམ་བསྟན་པ་དང་མང་ཚོགས་ལ་བྱ་བ་དངོས་280ལྷག་ཙམ་བསྒྲུབས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།