དབུ་ཤོག
  • མངལ་མ་ཆགས་གོང་སྤྱོད་མི་རུང་བའི་སྨན་རྫས་གང་དག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-17

    ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་བའི་སྨན་རྫས་རིགས་བཞི་ཡོད་པ་སྟེ།

    དུག་སྲིན་འགོག་སྨན་རིགས་ཏེ། མངལ་ཆགས་པའི་གཟའ་འཁོར་བཅུ་གཉིས་རིང་སྨན་དེ་རིགས་བཏང་ཚེ། མཛུབ་མོ་ཡ་མ་གཟུགས་སུ་འགྱུར་བའམ་ཡང་ན་ལྷན་སྐྱེས་རང་བཞིན་གྱི་སྐྱ་འགྲིབ་ཕོག་པ། མངལ་ཆགས་ནས་ཟླ་བ་བཞི་སོང་རྗེས་སྨན་དེ་རིགས་བཏང་ཚེ། ཕྲུ་གུ་དམར་འབྱར་གྱི་ནུ་སོ་སེར་པོར་འགྱུར་བ། ལེན་མེ་སུའུ་དང་ཁཱ་ན་མེ་སུའུ་ཡི་སྨན་བཏང་ཚེ། ལྷན་སྐྱེས་རང་བཞིན་གྱི་འོན་པར་འགྱུར་བ། ལུའེ་མེ་སུའུ་ཡི་སྨན་བཏང་ཚེ་རྐང་མར་གྱི་ནུས་པ་བཀག་ནས་འཕེལ་མི་ཐུབ་པ་དང་ཕྲུ་གུ་དམར་འབྱར་གྱི་གློ་བ་ནས་ཁྲག་དོན་པ། ཧོང་ཨན་རིགས་ཀྱི་སྨན་བཏང་ཚེ། ཕྲུ་གུ་དམར་འབྱར་ལ་མཁྲིས་སེར་ཕོག་གི་ཡོད།

    རོ་ཙ་རྒྱས་སྨན་རིགས་ཏེ། སྦྲུམ་སྐུལ་རྒྱུ་སྨན་ལ་མངལ་རྩིས་མངལ་མི་ཤོར་བ་བྱེད་ཐུབ་ཀྱང་ཕྲུ་གུ་དམར་འབྱར་ཕོ་རིགས་ཀྱི་གཅིན་ལམ་གས་པ། སྦྲུམ་འགོག་སྨན་ཆུས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་ཁྲག་རྩ་ཆེན་པོ་གནས་འཛོལ་ཤོར་བ་སོགས་ཐོན་པ།

    ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་སྲིད་པའི་སྨན་རྫས་འདི་དག་ཡོད་པ་སྟེ།

    སྐུལ་སྨན་རིགས་ཀྱི་སྨན་རྫས་ཀྱིས་མཁས་མའི་རྨེན་བུའི་སྐྱི་རིམ་སྐུལ་རྩིས་རྐན་ཤོ་ཐོན་སྲིད་པ་དང་། ཕུབ་དབྱིབས་རྨེན་བུས་སྐྱ་འགྲིབ་ཕོག་སྲིད། གཅིན་སྙི་ཟག་ཁུའི་ནད་འགོག་པའི་སྨན་རྫས་ཀྱིས་ཁ་ཤོ་ཐོན་པ་དང་དབང་པོ་དང་རྐང་རུས་ཡ་མ་གཟུགས་སུ་འགྱུར་སྲིད། ཨ་སི་ཕི་ལིན་ནམ་ཡང་ན་ཕེ་ན་ཤེ་ཏིང་གིས་རྐང་རུས་དང་། དབང་རྩའི་མ་ལག མཁལ་མ་བཅས་ཡ་མ་གཟུགས་སུ་འགྱུར་སྲིད། སྐྲན་ནད་འགོག་སྨན་རིགས་ཆོན་ཕོ་ལིང་དང་ཧོན་ལིང་ཤན་ཨན་སོགས་ཀྱིས་ཀླད་ཆུ་གསོག་དང་། ཕྲུ་གུ་ཀླད་མེད། མངལ་དུ་ཤི་བ་སོགས་ཐོན་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།