དབུ་ཤོག
  • སྤྱི་དམངས་ལ་གཞི་རྩའི་ཁེ་དབང་གང་དག་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-16

    ⑴ འདྲ་མཉམ་གྱི་དབང་ཆ་སྟེ། སྤྱི་དམངས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན།

    ⑵ ཆབ་སྲིད་ཁེ་དབང་དང་རང་དབང་སྟེ། སྤྱི་དམངས་ཚང་མར་འདེམས་བྱེད་དང་གདམ་བྱའི་དབང་ཆ། གཏམ་བརྗོད་དང་དཔེ་སྐྲུན། དུས་ཆད་འདུ་ཚོགས། ཚོགས་ར། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།

    ⑶ ཆོས་ལུགས་དད་མོས་རང་དབང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་གང་རུང་གིས་བཙན་ཤེད་ངང་སྤྱི་དམངས་ཆོས་ལ་དད་མོས་བྱེད་མི་འཇུག་པ་བྱས་མི་ཆོག ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱ་མི་ཆོག

    ⑷ མི་ལུས་ཁེ་དབང་སྟེ། སྤྱི་དམངས་ཀྱིས་མི་ལུས་རང་དབང་ལ་བཙན་གནོད་འཁུར་མི་དགོས། སྤྱི་དམངས་ཀྱིས་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་འཁུར་མི་དགོས། སྡོད་ཁང་ལ་བཙན་གནོད་འཁུར་མི་དགོས། ཡིག་འགྲུལ་གྱི་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་འཐོབ་རྒྱུ།

    ⑸ ལྟ་རྟོག་བྱེད་དབང་། སྤྱི་དམངས་ལ་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་སྐྱོན་བརྗོད་དང་བསམ་འཆར་འདོན་པ། གནས་ལུགས་ཞུ་བ་དང་ཞུ་གཏུག་བྱེད་པ། ཉེས་སྐྱོན་མཚང་འབྱིན་གྱི་དབང་ཆ་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་པས་སྤྱི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པའི་རྐྱེན་གྱིས་གྱོང་གུན་ཕོག་ཚེ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་སྐྱིན་ཚབ་ལེན་པའི་དབང་ཆ་ཡོད།

    ⑹ སྤྱི་ཚོགས་དཔལ་འབྱོར་གྱི་དབང་ཆ། སྤྱི་དམངས་ལ་ངལ་རྩོལ་བྱེད་པའི་ཁེ་དབང་དང་འོས་འགན་དང་། ངལ་གསོ་བྱེད་པའི་ཁེ་དབང་། རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་རམ་ཐོབ་པའི་ཁེ་དབང་བཅས་ཡོད།

    ⑺ སློབ་གསོ་དང་ཚན་རིག་རིག་གནས་ཀྱི་ཁེ་དབང་། སྤྱི་དམངས་ལ་སློབ་གསོ་མྱོང་བའི་ཁེ་དབང་ཡོད། ཚན་རིག་ཞིབ་འཇུག་དང་། རྩོམ་རིག་སྒྱུ་རྩལ་གསར་རྩོམ། རིག་གནས་ཀྱི་བྱེད་སྒོ་གཞན་དག་སྤེལ་བ་བཅས་ཀྱི་རང་དབང་ཡོད།

    ⑻ བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། གཉེན་སྒྲིག་དང་ཁྱིམ་ཚང་། ཨ་མ། བྱིས་པ་བཅས་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོང་འཐོབ་རྒྱུ།

    ⑼ ཕྱི་སྡོད་རང་མི་དང་མེས་རྒྱལ་དུ་ཕྱིར་ལོག་པའི་ཕྱི་སྡོད་རང་མི། ཕྱི་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།