མངལ་འཁོར་མ་ཐག་པའི་དུས(མངལ་འཁོར་ནས་བརྩིས་པའི་གཟའ་འཁོར་12ནང་ཚུན་ཡིན)ནི་ཁམས་དམར་སྦྲུམ་རྟེན་ལ་འགྱུར་བའི་འགག་རྩའི་དུས་མཚམས་ཡིན་ལ། ཁོག་པའི་ནང་གི་ཕྲུ་གུ་ཉམས་ཞན་དང་ཚོར་བ་སྐྱེན་ཤོས་ཀྱི་དུས་ཚོད་ཡིན། དེ་དུས་སྦྲུམ་རྟེན་གྱི་དབང་པོ་དང་། མ་ལག ལུས་ཕུང་གི་ཕྱི་དབྱིབས་བཅས་འཚར་ལོངས་བྱུང་ནས་མིའི་གཟུགས་དབྱིབས་ཐོག་མར་ཆགས་ཏེ་ཕྲུ་གུར་གྱུར་གྱི་ཡོད། གལ་ཏེ་གནོད་ཡོད་རྒྱུ་རྐྱེན་ནམ་ནད་གཞིས་གཟུགས་པོར་གཙེས་ནས་ཕྲུ་གུར་སྐྱོན་བྱུང་ཚེ་ཕྲུ་གུ་རྒྱུན་ལྡན་ལྟར་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ནས་ཕྲུ་གུ་ཡ་མ་གཟུགས་ལ་གྱུར་གྱི་ཡོད། དེས་ན་མངལ་འཁོར་མ་ཐག་པའི་དུས་སུ་གནོད་ཡོད་རྒྱུ་རྐྱེན་གྱིས་སྦྲུམ་རྟེན་དང་ཕྲུ་གུར་མ་གནོད་པ་བྱས་ནས་ལྷན་སྐྱེས་ནད་གཞི་མི་ཐོན་པ་བྱེད་དགོས།