དབུ་ཤོག
  • རང་རྒྱལ་བཅའ་ཁྲིམས་ཀྱི་སྤྱི་དམངས་ཟེར་བ་ནི་གང་འདྲ་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-15

    མི་མང་པོ་ཞིག་གི་བསམ་པར་སྤྱི་དམངས་ནི་ལོ་18ལ་སོན་པའི་མི་ལ་གོ་བ་དང་། ད་དུང་མི་ལ་ལས་ཁྲིམས་འགལ་ཉེས་ཅན་པ་ཉེས་པས་བསགས་རྗེས་ཆབ་སྲིད་ཀྱི་ཁེ་དབང་འཕྲོགས་པ་ནི་སྤྱི་དམངས་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་དག་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད།

    རང་རྒྱལ་གྱི་རྩ་ཁྲིམས་སུ་གཏན་འཁེལ་གསལ་པོ་བྱས་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཀྱི་མི་ཡིན་ཕྱིན་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རེད།

    རང་རྒྱལ་གྱི་སྤྱི་དམངས་ནི་རང་རྒྱལ་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ལ་ཟེར་ཞིང་། དེར་ནར་སོན་པའི་མི་དང་ནར་མ་སོན་པའི་མི། བྱིས་པ་བཅས་ཚུད་ཡོད་ལ། ཆབ་སྲིད་ཀྱི་ཁེ་དབང་འཕྲོགས་པ་དང་ཁྲིམས་འགལ་ཉེས་ཅན་ཡང་ཚུད་ཡོད། ཀྲུང་གོའི་རྒྱལ་ཁོངས་ནས་ཡིན་ཕྱིན་ལོ་ཚད་དང་། ཕོ་མོ། སྐྱེ་ཁུངས། ལས་རིགས། མི་རིགས། མི་རྒྱུད། ཆབ་སྲིད་ཀྱི་འཁྱེར་སོ་དང་གནས་སྟངས་གང་འདྲ་ཡིན་ན་ཡང་། ཚང་མ་ཀྲུང་གོའི་སྤྱི་དམངས་རེད། ལོ་18ལ་སོན་པའི་སྤྱི་དམངས་ལ་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད། ཡིན་ནའང་དེ་ནི་སྤྱི་དམངས་ཀྱི་ཆབ་སྲིད་ཁེ་དབང་ནང་གི་ཡ་གྱལ་ཞིག་རེད། ནག་ཉེས་བསགས་པའི་སྤྱི་དམངས་ཀྱི་ཆབ་སྲིད་ཁེ་དབང་འཕྲོགས་པ་དེའང་། སྤྱི་དམངས་ཀྱི་ཐོབ་ཐང་དབང་ཆ་དང་། རྒྱུ་ནོར་དབང་ཆ་སོགས་དབང་ཆའི་ཁྲོད་ཀྱི་རིགས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།