དབུ་ཤོག
  • མི་དམངས་ཤོག་སྒོར་རལ་པ་བརྗེ་པོ་རྒྱག་སྟངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-10

    ཀྲུང་གོ་མི་དམངས་དངུལ་ཁང་གི་ཆོག་མཆན་ཐོབ་པའི་དངུལ་རྩའི་ལས་ཁུངས་ཚང་མར་གཏན་འབེབས་བྱས་པའི་དམིགས་ཚད་ལྟར་མང་ཚོགས་ཀྱི་ལག་ཏུ་ཡོད་པའི་མི་དམངས་ཤོག་སྒོར་རལ་པ་དང་མི་ཚང་བ་བརྗེ་པོ་རྒྱག་པའི་འོས་འགན་ཡོད་ཅིང་། ཞིབ་ཕྲའི་དོ་སྣང་བྱེད་དགོས་པ་འདི་ལྟར་ཏེ།

    གཅིག གཤམ་གསལ་གྱི་མི་དམངས་ཤོག་སྒོར་རལ་པ་དང་མི་ཚང་བ་ཡིན་ཕྱིན་དངུལ་རྩའི་ལས་ཁུངས་ལ་དངུལ་གྲངས་ཆ་ཚང་བརྗེ་ཆོག

    དངུལ་ལོར་གྱི་མི་ཚང་བའི་ཆ་བཞི་ཆ་གཅིག་ལས་བརྒལ་མེད་པ་དང་དེ་བྱིངས་ཀྱི་པར་རིས་དང་ཡི་གེ་སྔར་རྒྱུན་བཞིན་མཐུད་ཐུབ་པ་དང་།

    དངུལ་ལོར་དྲེག་པས་འཚོས་པ་དང་། ཆུས་བངས་པ། སྣུམ་གྱིས་འཚོས་པ། མདོག་གྱུར་པ་བཅས་ཡིན་རུང་། རྫུས་མ་ཡིན་མིན་དབྱེ་འབྱེད་ཐུབ་ཅིང་། དངུལ་ལོར་གྱི་མི་ཚང་བའི་ཆ་བཞི་ཆ་གཅིག་ལས་བརྒལ་མེད་པ་དང་། དེ་བྱིངས་ཀྱི་པར་རིས་དང་ཡི་གེ་སྔར་རྒྱུན་བཞིན་མཐུད་ཐུབ་པ།

    གཉིས། དངུལ་ལོར་ཚང་བའི་ཆ་གཉིས་ཆ་གཅིག་ནས་བཞི་ཆ་གསུམ་བར་ཡིན་ཞིང་། དེ་བྱིངས་ཀྱི་པར་རིས་དང་ཡི་གེ་སྔར་རྒྱུན་བཞིན་འབྲེལ་མཐུད་ཐུབ་ན་དངུལ་རྩའི་ལས་ཁུངས་ནས་དེ་སྔའི་དངུལ་གྲངས་ཀྱི་ཕྱེད་ཀ་བཞིན་བརྗེ་ཆོག་པ།

    གསུམ་པ། གཤམ་གསལ་གྱི་མི་དམངས་ཤོག་སྒོར་རལ་པ་དང་མི་ཚང་བ་ཡིན་ཕྱིན་བརྗེ་པོ་རྒྱག་གི་མེད།

    དངུལ་ལོར་གྱི་གཉིས་ཆ་གཅིག་ཡན་ཚང་མེད་པ་དང་།

    དངུལ་ལོར་དྲེག་པས་འཚོས་པ་དང་། ཆུས་བངས་པ། སྣུམ་གྱིས་འཚོས་པ། མདོག་གྱུར་པ་བཅས་ཀྱིས་རྐྱེན་པས་དངུལ་ལོར་རྫུས་མ་ཡིན་མིན་དབྱེ་འབྱེད་བྱེད་ཐབས་བྲལ་བ།

    རྐང་བཙུགས་ནས་བཟོ་བཅོས་བརྒྱབ་པ་དང་། དྲས་སྦྱར་བྱས་ནས་ཆ་བསྡུ་ཡ་བསྡུ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།