དབུ་ཤོག>གསར་འགྱུར།
  • མང་ཚོགས་ཀྱི་ནད་གདུང་སེལ་མཁན་སྨན་པ་ཡག་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-10

    གྲུབ་འབྲས་གཟེངས་སུ་ཐོན་པའི་ཁོང་མ་གཞི་སློབ་གྲྭ་ཐོན་རྗེས་སློབ་གྲྭར་དགེ་རྒན་བྱ་ཆོག་ཀྱང་ཁོང་གིས་ཆ་རྐྱེན་ཞན་པའི་མེ་ཏོག་རྫོང་དུ་སྨན་པ་བྱེད་པར་བསྐྱོད་དེ་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་གཞི་རིམ་གྱི་མང་ཚོགས་ལ་སྨན་བཅོས་མཐའ་འཁྱོངས་བྱས་པས་ས་གནས་ཀྱི་མི་སེར་ཚོས“ཁེར་ཆགས་གླིང་ཕྲན་གྱི་སྨན་པ་ཡག་པོ”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གྱི་ཡོད།

    ཁོང་ནི“མེ་ཏོག་གི་མཐའ་སྲུང་དཔེ་བཟང་སྒར”གྱི་འཕྲོད་བསྟེན་ཁང་གི་སུའོ་ཀྲང་ཡོན་སན་ཕེང་རེད།

    2000ལོའི་ཟླ་5པར་དམག་མིའི་གསོ་རིག་སློབ་ཆེན་ཨང་གསུམ་པ་ནས་ཐོན་གྲབས་ཡོད་པའི་ཡོན་སན་ཕེང་གིས་སློབ་གྲོགས་ཚོ་དང་ལས་བགོས་སྐོར་གླེང་སྐབས་རང་ཉིད་བོད་དུ་འགྲོ་རྒྱུའི་བློ་ཐག་བཅད་ཡོད།

    ཉིན་གསུམ་རིང་རྡོ་གཞུང་ལ་དང་གཡང་གཟར་བྲག་རི་སོགས་ལ་ཀླུང་མང་པོ་བརྒྱབ་པ་བརྒྱུད། ཡོན་སན་ཕེང་མཐར“མེ་ཏོག་གི་མཐའ་སྲུང་དཔེ་བཟང་སྒར”ལ་འབྱོར་བ་རེད། རི་སྟེང་དུ་དམག་སྒར་གྱི་ཁང་པ་གོག་ཧྲུལ་སྟར་པ་ཁག་གཅིག་དང་སྨན་བཅོས་ཀྱི་སྒྲིག་ཆས་སྟབས་བདེ་ཁག་གཅིག་ལས་མེད་པ་ཁོང་གི་མིག་ལམ་དུ་འཆར་སྐབས་རང་ཉིད་ཀྱི་གདམ་ག་དེ་ནོར་བ་མིན་ནམ་སྙམ་པའི་ཐེ་ཚོམ་བྱུང་ཡོད། འོན་ཀྱང་མི་རིང་བར་གནས་ཚུལ་ཞིག་བྱུང་བ་དེས་ཡོན་སན་ཕེང་ལ་སེམས་འགུལ་ཚད་མེད་ཐེབས་པ་རེད།

    ཉིན་ཞིག་བཅའ་སྡོད་བྱ་ཡུལ་གྱི་ཁྱིམ་འཛིན་མ་གཞོན་ནུ་ཞིག་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་པའི་དབང་གིས་འཕྲོད་བསྟེན་ཁང་དུ་བསྐྱལ་བ་རེད། སྐབས་དེ་དུས་ནད་པར་ན་ཟུག་དྲག་པོ་གཏོང་བ་མཐོང་ཡང་། ཡོན་སན་ཕེང་ལ་ཐབས་ཤེས་གང་ཡང་མ་རྙེད། མཐར་ནད་པ་དེ་སྨན་ཁང་དུ་གྲོངས། འོན་ཀྱང་གནས་ཚུལ་དེས་རྐྱེན་པས་ཁོང་གིས་སྨན་པ་ཞིག་གི་ངོས་ནས་ཁོང་གིས་རང་ཉིད་ཀྱི་ཕྲག་སྟེང་གི་ལས་འགན་ལྕི་པོར་ངོས་འཛིན་གསལ་པོ་བྱུང་ནས་དེ་གར་སྡོད་པའི་སེམས་ཐག་བཅད་པ་རེད།

    མེ་ཏོག་རྫོང་དུ་རིམས་ནད་ཕོག་ཚབས་ཆེ་ཁར་རྐྱེན་ལམ་དུ་ཤོར་ཚད་ཀྱང་ཧ་ཅང་མང་པོ་རེད། ཡོན་སན་ཕེང་གིས་སྨན་པ་ཞིག་གི་འགན་འཁྲི་ཚོར་བ་དང་ཆབས་ཅིག་རང་ཉིད་ཀྱི་ཡོན་ཚད་མ་འདང་བའང་ཤེས་རྟོགས་བྱུང་། དེར་བརྟེན་ཁོང་གིས་རང་ངོས་ཀྱི་ཤེས་བྱའི་གནས་ཚད་མཐོ་རུ་གཏོང་འགོ་བཙུགས། དེ་ཡང་འཁོར་ཞག་གི་སྐབས་སོ་སོས་འགྲོ་གྲོན་བཏང་ནས་ནང་སའི་སྨན་ཁང་ཆེ་གྲས་སུ་ཟབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཡང་ཉིན་མོ་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པ་དང་། མཚན་མོ་ནད་སྡོད་ཁང་དུ་སྡོད་བྱ་བྱེད་པ། ཕྱི་བཅོས་ཚན་ཁག་གི་ཤེས་བྱ་སློབ་སྦྱོང་བྱས་རྗེས་ཡང་འགོས་ནད་ཚན་ཁག་གི་ཤེས་བྱ་སློབ་སྦྱོང་བྱས་པ་སོགས་མདོར་ན་དཀའ་སྤྱད་འབད་འབུངས་ངང་གཞན་གྱི་ས་ནས་སྨན་བཅོས་ལག་རྩལ་མི་ཉུང་བ་ཞིག་སྦྱངས་ཡོད།

    ནད་གཞི་བཅོས་པར་སྔོན་ལ་ནད་པའི་ལྟ་བ་བསྒྱུར་དགོས། མེ་ཏོག་རྫོང་དུ་མོན་པ་དང་ལྷོ་པས་གཙོས་མི་རིགས་མང་བའི་མི་སེར་ཚོས་གདོད་མའི་ཆོས་ལུགས་ལ་དད་པ་བྱས་ཏེ་ས་གནས་སུ“ནད་རིགས་ཆུང་རིགས་རང་ངོས་ལ་བརྟེན་པ་དང་། ནད་རིགས་ཆེ་གྲས་ལྷ་ལ་བརྟེན་ནས་བཅོས་པ”དར་ཁྱབ་ཆེན་པོ་ཡོད།

    2003ལོར་ཡོན་སན་ཕེང་གིས་འབྲས་སྤུངས་ཤང་གི་ཕུགས་རེའི་སློབ་ཆུང་དུ“གསོ་རིག་དང་ཚན་རིག་གི་རྒྱུན་ཤེས་ཁྱབ་གདལ་གྱི་འཆད་ཁྲིད”ཐེངས་དང་པོ་བྱས་ཏེ་ཉེ་འགྲམ་དུ་ཐོན་པའི་དཔེ་དྲངས་ཏེ་མང་ཚོགས་ཚོར་ཚན་རིག་གོང་དུ་བཀུར་བ་དང་རྨོངས་དད་བྱ་རྒྱུ་མེད་པའི་སློབ་གསོ་བཏང་ཡོད། ཁོང་གིས་ད་དུང་སྒར་དུ“འོས་འགན་སྐོར་སྐྱོད་སྨན་བཅོས་ཚོགས་ཆུང”བཙུགས་ཏེ་ཉིན་གཉིས་ཀྱི་ངལ་གསོའི་རིང་བཅའ་སྡོད་བྱ་ཡུལ་མང་ཚོགས་ཚོར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་དེ་འཕྲོད་བསྟེན་གྱི་རྒྱུན་ཤེས་དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་དང་སྦྲགས་ཚན་རིག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་ཀྱི་ཡོད། དེ་དང་ཕྱོགས་མཚུངས་ཁོང་གིས་ད་དུང་མེ་ཏོག་གི་གློག་བརྙན་སྟོན་མཁན་རུ་ཁག་ཨང་དང་པོ་བཙུགས་པ་དང་དུས་ཆེན་འཆར་རིམ་བཞིན་གློག་བརྙན་སྟོན་པའི་འཕྲུལ་ཆས་དང་གློག་གཏོང་འཕྲུལ་འཁོར་སྒལ་པར་ཁུར་ནས་ཐག་རིང་གི་གྲོང་ཚོར་བསྐྱོད་དེ་མང་ཚོགས་ཚོར་ཚན་རིག་དང་མཐུན་པའི་སློབ་གསོའི་དྲིལ་བསྒྲགས་པར་གཞི་བསྟན་ནས་དཀའ་ངལ་ལ་མ་འཛེམས་པར་དེང་རབས་ཀྱི་ཤེས་དཔལ་བཅའ་སྡོད་བྱ་ཡུལ་གྲོང་ཚོ་ཀུན་དང་དུད་ཚང་ཀུན་ལ་དར་བར་བྱས་ཡོད།

    ཡོན་སན་ཕེང་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་དང་བསྟུན་མེ་ཏོག་གི་མང་ཚོགས་ཚོའི་འདུ་ཤེས་རྙིང་པར་འགྱུར་ལྡོག་བྱུང་ནས་ཚན་རིག་ལ་ཡིད་ཆེས་བྱེད་འགོ་ཚུགས། མི་སེར་ཚོར་ནད་གཞི་ཕོག་སྐབས་རང་འགུལ་ངང་ཡོན་སན་ཕེང་གི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་ཡི་ཡོད། མང་ཚོགས་ཚོས་ཚན་རིག་ལ་རིམ་བཞིན་ཡིད་ཆེས་བྱེད་པ་མཐོང་སྐབས་ཡོན་སན་ཕེང་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་མྱོང་ཚོར་བྱུང་ཡོད།

    མེ་ཏོག་ཏུ་ལོ་11སྡོད་རིང་ཡོན་སན་ཕེང་གྲོང་ཚོ་ཚང་མར་བསྐྱོད་དེ་ཚན་རིག་ཁྱབ་གདལ་གཏོང་བའི་འཆད་ཁྲིད་ཐེངས་54བྱས་པ་དང་། མང་ཚོགས་ཚོར་འོས་འགན་སྨན་བཅོས་ཐེངས་3100བྱས་པ། ས་གནས་སྨན་ཁང་ལ་གཞོགས་འདེགས་བྱས་ནས་གཤགས་བཅོས་ཁག་50བྱས་པ། ནད་གཞི་ལྕི་བའི་ནད་པ་སྣ་ཚོགས་160མྱུར་སྐྱོབ་བྱས་པ། ས་གནས་ཀྱི་སྨན་དོན་མི་སྣ་21ལ་གསོ་སྦྱོང་བྱས་པར་ས་གནས་སྲིད་གཞུང་དང་མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱ་ཁྱབ་ཀྱི་བསྔགས་བརྗོད་ཐོབ་སྟེ་སྔ་རྗེས་སུ“དམག་ཡོངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཕུལ་བྱུང”དང་། “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར” བོད་དམག་ཁུལ་གྱི“དམག་མིའི་ཀུན་སྤྱོད་ལེགས་པའི་སྤྱན་སྦིར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།