དབུ་ཤོག>གསར་འགྱུར།
  • བོད་ཀྱིས“ང་ཡི་བོད་ལ་དགའ”ཞེས་པའི་ཡིག་རིས་པར་གསུམ་གྱི་འགྲེམས་སྟོན་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-10

    ཚེས་8ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི“ང་ཡི་བོད་ལ་དགའ”ཞེས་པའི་གཉིས་བཀུར་གྱི་ཡིག་རིས་པར་གསུམ་གྱི་འགྲེམས་སྟོན་ལྷ་སར་གཉེར་བ་རེད། འགྲེམས་སྟོན་བྱས་པའི་ཡིག་རིས་པར་གསུམ་གྱི་བརྩམས་ཆོས་90དེ་དག་ནི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་འཚོལ་བསྡུ་བྱས་པའི་བརྩམས་ཆོས1000ལྷག་ཙམ་ནས་གདམ་གསེས་ཞིབ་ཚགས་བྱས་པ་ཞིག་ཡིན་པ་ལས་བརྩམས་ཆོས་40ལ་དམིགས་བསལ་ལེགས་སྐྱེས་བྱ་དགའ་དང་ལེགས་སྐྱེས་བྱ་དགའ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བརྩམས་ཆོས་དེ་དག་ལས་ཀྲུང་གོའི་ཡིག་རིས་པར་གསུམ་གྱི་སྒྱུ་རྩལ་གྱི་རྨང་གཞི་བརྟན་པོ་ཡོད་པ་མཚོན་པ་དང་། མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་ལ། མི་དམངས་དམག་དཔུང་གི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ལ་བསྟོད་གླུ་ཕུལ་ནས་མང་ཚོགས་ཀྱིས་མི་དམངས་དམག་དཔུང་ལ་བརྩེ་བ་ཟབ་མོ་དང་གུས་སེམས་བཅངས་ལུགས་མཚོན་ཡོད། དེ་ནི་བོད་ཀྱི་དམག་དམངས་མཉམ་སྐྲུན་དང་ཐུན་མོང་ལ་དབང་བའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས། བོད་ཀྱི་དམག་དམངས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ། དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ། དམག་དཔུང་དང་ས་གནས་ཀྱིས་སྲ་བརྟན་གྱི་རྒྱལ་སྲུང་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།