དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-08

    གཟའ་ལྷག་པ་ནས་བཟུང་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་ཆེན་པོ་འབབ་རྒྱུ་དང་ཤྭ་འོད་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་8ཚེས་7ནས་13ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུ་དང་། གཞིས་རྩེ། ཉིང་ཁྲི ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། མངའ་རིས་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་འབྲིང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། ཆབ་མདོ་དང་། ཡར་ཀླུང་གཙང་པོའི་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ།

    གཉིས། གྲོས་འགོ

    1.ཆར་པ་ཆེན་པོ་བབས་ནས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་དུས་མཚུངས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་གནོད་འཚེ་དང་གྲོང་ཁྱེར་ནང་གི་འཁྱིལ་ཆུའི་དོགས་ཟོན་ལས་དོན་ཐད་ཤུགས་སྣོན་རྒྱག་དགོས།

    2.ནག་ཆུ་ས་ཁུལ་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་ཐོག་རྒྱག་པ་དང་སེར་བ་འབབ་མང་བས་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།