དབུ་ཤོག>གསར་འགྱུར།
  • གནད་སྨིན་བྱ་ཐབས་སྤྱད། སྲོག་སྐྱོབ་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-07

    ལོ་གཉིས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣར་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་དང་། ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན། དོ་དམ་ལ་བླང་བྱ་ནན་པོ་འདོན་པ། འཚོ་བར་སེམས་ཁུར་ཆེན་པོ་བཅས་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་ཧུར་ཐག་བྱས་པས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་བསྐྲུན་པའི་དམངས་ཕན་འདུ་འགོད་ཅིག་ཏུ་གྱུར་ཡོད།

    མིག་སྔར། “བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་2017ལོའི་ཤེས་ལྡན་མི་སྣ་ནང་འདྲེན་དང་གདན་ཞུའི་སྤྱི་བསྒྲགས”ཞེས་པ་ཞིག་སྐད་འཕྲིན་གྱི་གྲོགས་ཚོམ་དང་དྲ་ཚིགས་ཁག་གི་སྟེང་དུ་བརྒྱུད་བསྐུར་མང་པོ་བྱེད་པ་དང་། “སྒྲིག་ཁོངས་ནང་གི་ཐོབ་ཐང་དང་གན་རྒྱའི་ལམ་ལུགས་ཀྱི་དོ་དམ”ཞེས་པའི་གླེང་ཚུལ་གསར་པ་ཞིག་མི་སེར་ཚོས་གླེང་མང་བའི་གླེང་གཞིར་གྱུར་ཡོད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་པེ་ཅིང་ཞེ་ཧོ་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་རུ་སྣེ་ཁྲིད་མཁན་ཧན་ཏིང་གིས་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་དོན་དངོས་ལ་གང་ལེགས་གཞིགས་ནས་བཏོན་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་བྱ་ཐབས་ཤིག་རེད། བྱ་ཐབས་དེས་སྨན་བཅོས་ཤེས་ལྡན་མི་སྣ་བོད་དུ་ཡུན་རིང་ལས་དོན་སྒྲུབ་པའི་ཧུར་སེམས་ཆེས་ཆེར་འཕེལ་ནས་སྤྱི་བསྒྲགས་སྤེལ་རྗེས་ཀྱི་གཟའ་འཁོར་གཅིག་ལ་ང་ཚོར་རྒྱལ་ཡོངས་ས་གནས་ཁག་གི་ལས་འཚོལ་བ་650ལྷག་ཙམ་གྱི་ངོ་སྤྲོད་མདོར་བསྡུས་འབྱོར་བྱུང་ཞེས་གསར་འགོད་པར་བཤད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྨན་ཁང་དུ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་ཐེངས་མང་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་ཀྱང་གནང་བ་དང་།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་དང་སྨན་ཁང་གི་ལས་དོན་མི་སྣར་བྱམས་བརྩེའི་བཀའ་མོལ་གནང་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ།

    རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་པུའུ་ཀྲང་གི་འདུ་འགོད་ལ་བརྩིས་ནས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཆེད་མངགས་ཚོགས་འདུ་ཐེངས་མང་འཚོགས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་སོགས་རེད།

    ཐུགས་ཁུར་དེ་དག་ཀྱང་དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་ལ་བསྒྱུར་ནས《སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》 《སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་རོགས་སྐྱོར་ཐོབ་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་བསམ་འཆར》སོགས་ཡིག་ཆ་མང་པོ་ཞིག་ཞིབ་འཇུག་བྱས་ནས་བཀྲམས་པ་དང་། ལྗོངས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་5.02དོན་འཁྱོལ་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་རེད།

    ཟླ་5ཚེས་5ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྒྱང་ཁྲིད་སྨན་བཅོས་ལྟེ་གནས་སུ་དམིགས་བསལ་གྱི་ཚོགས་འདུ་ཞིག་འཚོགས་ཤིང་། པེ་ཅིང་གི་སྨན་ཁང་13གྱི་འགོ་ཁྲིད་གཙོ་བོས་བརྙན་ལམ་བརྒྱུད་ལྷ་སར་ཡོད་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་15ལ་འཚམས་འདྲི་བྱས་པ་རེད།

    “བོད་སྐྱོར་བྱེད་མཁན་ང་གཅིག་པུ་མ་རེད། ང་ཚོའི་སྨན་ཁང་ནི་ངའི་རྒྱབ་རྩ་བརྟན་ཤོས་དེ་རེད”ཅེས་པེ་ཅིང་ཨན་ཀྲེན་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཉིང་ཧྲང་ཆིའུ་ཡིས་མྱོང་ཚོར་ཟབ་མོས་བཤད། ན་ནིང་ཟླ་8པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འགོ་ནད་རང་བཞིན་གྱི་སྙིང་གི་ནང་སྐྱིའི་གཉན་ཚད་ཕོག་པའི་ནད་པ་ལོ་27ལ་སླེབས་པ་ཞིག་སྨན་པ་བསྟེན་པར་ཡོང་། ཡིན་ནའང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ད་ཡོད་སྨན་བཅོས་ཆ་རྐྱེན་ལ་དཔག་ན་སྨན་བཅོས་ཕན་ནུས་ཐོན་ཐུབ་པ་ཞིག་བྱེད་ཐབས་བྲལ་བས་སྨན་ཁང་གིས་སྨན་ཁང་གཞན་དུ་བསྒྱུར་དགོས་པའི་གྲོས་འགོ་བཏོན། ཉིང་ཧྲང་ཆིའུ་ཡིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་ཨན་ཀྲེན་སྨན་ཁང་དང་འབྲེལ་བ་བྱས་པ་དང་། ཉིན་གཉིས་པར་ནད་པ་པེ་ཅིང་ཨན་ཀྲེན་སྨན་ཁང་དུ་བཏང་བ་མ་ཟད་ཉིན་གསུམ་པར་རིགས་གཅིག་མཁས་ཅན་གྱིས་ནད་པར་གཤགས་བཅོས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་རྩ་འཛུགས་པུས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་འབོད་སྐུལ་བྱས་རྗེས་མངགས་གཏོང་ཚན་པ་ཁག་གིས་ལེགས་ཁྲོད་དྲག་འདེམས་དང་དྲག་ཁྲོད་ཧྲག་འདེམས་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། དོ་དམ་ཆུ་ཚད་མཐོ་བ། གཟུགས་པོ་ཐང་བ་བཅས་ཀྱི་རིགས་གཅིག་མཁས་ཅན་རོགས་སྐྱོར་ལས་དོན་སྒྲུབ་པར་བཏང་ཡོད།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་རྩ་འཛུགས་དང་། འཕེལ་སྒྱུར། ནོར་སྲིད། མི་སྤྱི། སློབ་གསོ། འཕྲོད་བསྟེན་སོགས་སྡེ་ཚན་ལས་གྲུབ་པའི་མངའ་རིས་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་སྔ་ཕྱིར་བཞུགས་མོལ་སྤེལ་རེས་དང་ཆེད་དོན་ཞིབ་འཇུག་ཚོགས་འདུ་ཐེངས་30ལྷག་ཙམ་འཚོགས་ཏེ་སྨན་ཁང་གི་རང་བརྟེན་གཉེར་སྐྱོང་དབང་ཆ་དང་མི་སྣ་བཀོལ་སྤྱོད་དབང་ཆའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་པོ་བྱས་ཡོད།

    བོད་སྐྱོར་སྨན་པའི་དགེ་མཚན་སྔར་ལས་ལེགས་པའི་ངང་འདོན་ཐུབ་པ་བྱ་ཆེད། མངའ་རིས་ས་ཁུལ་གྱིས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་6558སྤྱད་དེ་མི་དམངས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་བཏང་བ་དང་། མ་དངུལ་སྒོར་ཁྲི་80ལྷག་ཙམ་བཏང་སྟེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཀའི་བརྙན་ཐུང་བཟོས་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཀ་དྲིལ་བསྒྲགས་བྱས་པས། སྤྱི་ཚོགས་ལས་རིགས་ཁག་གིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཀར་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ཟླ་5ཚེས་8ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUཚབས་ཆེའི་ནད་པ་ལྟ་སྐྱོང་ཁང་དངོས་སུ་སྤྱོད་འགོ་ཚུགས་ཡོད།

    སྒོར་ཁྲི་600ཙམ་བཏང་བའི་ICUཚབས་ཆེའི་ནད་པ་ལྟ་སྐྱོང་ཁང་ལ་ཟླ་བ་དང་འདྲ་བའི་མི་མང་པོའི་སེམས་ནུས་འདུས་ཡོད་ཅིང་། ཁོང་ལས་ཀར་སླེབས་ནས་ད་བར་ལོ་22སོང་རིང་རྦད་དེ་ཕྱི་ནད་གཤགས་བཅོས་ལས་ལ་གཞོལ་ཡོད། ན་ནིང་ལས་འཁུར་འགྲན་རྩོད་བྱས་པ་བརྒྱུད་ཟླ་བས་ICUཚབས་ཆེའི་ནད་པ་ལྟ་སྐྱོང་ཁང་བསྐྲུན་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས། “སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ང་ཚོར་གོ་སྐབས་སྦྱིན་པ་དང་རིགས་གཅིག་མཁས་ཅན་དེ་དག་ནི་ང་ཚོའི་གཉེན་ཉེ་དང་གཅིག་པ་རེད”ཅེས་ཟླ་བས་བཤད།

    པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ལུའེ་ཐའོ་ལའང་རང་ཉིད་ཀྱི་བོད་རིགས“གཉེན་ཉེ”ཡོད། འདི་ལོ་བོད་ཀྱི་ལོ་གསར་སྐབས་སེམས་རྩ་འཁོལ་བའི་ལས་རོགས་ཚེ་གཡང་གིས་ལུའེ་ཐའོ་རང་གི་ཁྱིམ་ལ་མགྲོན་པོར་བོས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཤིང་། “ཁྱིམ་གྱི་ཁ་ཏོག་ཡག་པ་ཚང་མ་ང་ལ་བཏང་བྱུང་། ངས་ཚེ་གཡང་གི་ནང་མི་དང་མཉམ་དུ་བཀྲ་ཤིས་སྨོན་འདུན་ཞུས་པ་མ་ཟད། དར་ལྕོག་ཀྱང་བཙུགས་པས་དེ་ཉིན་ཧ་ཅང་སྐྱིད་པོ་བྱུང”ཞེས་ལུའོ་ཐའོ་ཡིས་གསར་འ་གོད་པར་དེ་ལྟར་བཤད།

    422699_yis_1501996294341_s.jpg

    འདི་ནི་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་མི་དམངས་སྨན་ཁང་དྲུག་པའི་བོད་སྐྱོར་སྨན་པ་ཧྲེ་ཀྲུང་མིང(གཡས་ཀྱི་གཉིས་པ)གིས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པར་ནད་པའི་རྐང་པ་སྨན་བཅོས་བྱེད་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།