དབུ་ཤོག>གསར་འགྱུར།
  • གཉའ་ལམ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་རགས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-02

    ཉིན་ཤས་གོང་། གཉའ་ལམ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་གྲགས་པ་ཟུར་མཚོ་ཤང་ཨ་སམ་གྲོང་ཚོའི་བུ་བཅོལ་ཁང་དུ་ཡོང་ནས་ཧྲང་ཧའེ་མི་རིགས་ཆོས་ལུགས་ལས་རིགས་ཀྱིས་བསྐུར་ཡོང་བའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་མཚོན་པའི་ལག་རྟགས་བྱིས་པ་ཚོར་སྤྲད་པ་རེད།

    མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེལ་བ་ནི། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་དང་། ཡུན་རིང་བདེ་འཁོད་ཡོང་རྒྱུ་མངོན་འགྱུར་བྱེད་པར་དགོས་གལ་ཆེན་པོ་ཞིག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བའི་བླང་བྱ་ལྡོག་མེད་ཅིག་བཅས་ཡིན་པས། གཉའ་ལམ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བའི་ཁྲོད། ཉེ་འགྲམ་གྱི་བྱ་བ་དང་མི་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གནས་ལུགས་ཆེན་པོ་ཤོད་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་དང་དུད་ཚང་རེ་རེར་ཟུག་པར་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པར། མི་རིགས་ཀྱི་ཐུན་མོང་ངོས་འཛིན་དང་མི་རིགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། གཉའ་ལམ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་རྡོར་གྱིས་བཀྲ་ཤིས་རྫོང་གྲོང་ཚོ་ཨུ་ལྷན་དུ“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་ནི་རྒྱལ་ཁ་ཡིན”ཞེས་པ་བརྗོད་དོན་གཙོ་བོ་དང་། ཞིང་འབྲོག་མང་ཚོགས་ཉེ་འགྲམ་གྱི་གྱོད་དཔེ་བཞག་སྟེ་ཁྱིམ་ཚང་འཆམ་མཐུན་དང་། ཁྱིམ་མཚེས་མཐུན་སྒྲིལ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་མཐུན་སྒྲིལ། སྤྱི་ཚོགས་ཀྱི་མི་དང་མིའི་དབར་མཐུན་སྒྲིལ། དད་ལྡན་དང་དད་མེད་མང་ཚོགས་དབར་མཐུན་སྒྲིལ། གྲུབ་མཐའ་མི་འདྲ་བའི་དབར་མཐུན་སྒྲིལ། མི་རིགས་ཁག་དབར་མཐུན་སྒྲིལ་ཆེན་པོ་བཅས་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསོན་ཉམས་ལྡན་པའི་ངང་བཤད་དེ། བཀྲ་ཤིས་རྫོང་གྲོང་ཚོའི་རྒྱ་ཆེའི་མང་ཚོགས་ཚོར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཆེན་པོ་ཡོང་ཐུབ་པ་ངོས་འཛིན་གཏིང་ཟབ་ཐུབ་ཏུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།