འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཐག་གཅོད་ལྟར་ན། གན་རྒྱ་བཞག་རྗེས་ཁྲིམས་བཀོད་གནས་ཚུལ་དང་འཕྲད་ན་ཁྲིམས་ལྟར་སྒྱུར་བཅོས་སམ་ཡང་ན་མེད་པར་བཟོ་ཆོག དཔེར་ན། 《དཔལ་འབྱོར་གན་རྒྱའི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་དཔལ་འབྱོར་གན་རྒྱ་སྒྱུར་བཅོས་སམ་མེད་པར་བཟོ་ཆོག་པའི་གནས་ཚུལ་ནི།
1ཕྱོགས་གཉིས་ཀྱི་དོ་བདག་གིས་གྲོས་མོལ་བྱས་ཏེ་མོས་མཐུན་བྱུང་བ་མ་ཟད། དེས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་གནོད་སྐྱོན་མི་ཐེབས་པ།
2འགོག་ཐབས་བྲལ་བའི་ནུས་ཤུགས་ཀྱིས་དཔལ་འབྱོར་གན་རྒྱའི་འགན་བབས་ཡོད་ཚད་ལག་བསྟར་བྱེད་མི་ཐུབ་པ།
3ཕ་རོལ་པོས་གན་རྒྱ་བཞག་པའི་དུས་ཡུན་ནང་གན་རྒྱ་ལག་བསྟར་མ་བྱས་པ།
གན་རྒྱ་འཇོག་སྐབས་ཀྱི་གོ་རིམ་དང་རྣམ་པ་གཞིར་བཟུང་ནས་གན་རྒྱ་བཟོ་བཅོས་རྒྱག་དགོས་པ་དང་། ལྷག་པར་དུ་ནང་དོན་རྙོག་འཛིང་ཆེ་ཞིང་དངུལ་གྲངས་ཅུང་མང་བའི་གན་རྒྱ་སྒྱུར་བཅོས་སམ་མེད་པར་བཟོས་ཚེ་གྲོས་མོལ་བྱས་ནས་གྲོས་མཐུན་ཡི་གེ་འགོད་དགོས།