དབུ་ཤོག>གསར་འགྱུར།
  • ནང་སའི་ཞིང་ཆེན་6གིས་བོད་ཀྱི་སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་ལ་སྐུལ་འདེད་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-07-27

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། “སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་འཆར་གཞི་དོན་འཁྱོལ་བྱས་པར་བརྟེན་བོད་ཀྱི་སྨན་པ་གསོ་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད”ཚེས་20ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ཚན་སློབ་སིའི་སྐོར་ཞིབ་པ་ཅིན་ཧྲེང་གོ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་འཆར་གཞིའི་མཐུན་སྦྱོར་ཚོགས་འདུའི་ཐོག་བོད་ཀྱི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་འཆར་གཞི་དེ་དུས་ཡུན་རིང་པོ་ཞིག་ནང་ལྗོངས་ནང་ཁུལ་དང་ལྗོངས་ཕྱི་མཉམ་ལས་གསོ་སྐྱོང་བྱས་ནས་མངོན་འགྱུར་བྱེད་དགོས་ཀྱི་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་རིང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་པེ་ཅིང་དང་། ཀོང་ཏུང་། ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་གྱི་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་སྨན་པ་དཀའ་བཅུ་པ་གསོ་སྐྱོང་གི་བོད་སྐྱོར་ལས་དོན་ལ་གྲོས་མཐུན་ཡི་གེ་བཞག་ཡོད། དུས་འདིར་བོད་དང་བོད་ཀྱི་སྨན་པ་དཀའ་བཅུ་པ་མངགས་བཅོལ་གསོ་སྐྱོང་གི་གྲོས་མཐུན་ཡི་གེ་བཞག་པའི་ནང་སའི་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་6བར་མང་དུ་སོང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་ཆེད། བོད་ཀྱིས་2015ལོར་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་ལས་དོན་སྤེལ་འགོ་བཙུགས་ཤིང་། མིག་སྔར་བོད་དུ་ལྗོངས་ནང་ཁུལ་གྱི་ཕྱི་ལུགས་གསོ་རིག་གི་རྒྱལ་ཁབ་སྨན་པ་དཀའ་བཅུ་པ་གསོ་སྐྱོང་རྟེན་གཞི་2དང་ལྗོངས་ནང་ཁུལ་གྱི་བོད་ཀྱི་གསོ་རིག་སྨན་པ་དཀའ་བཅུ་པ་གསོ་སྐྱོང་རྟེན་གཞི་1ཡོད། 2016ལོའི་ཚུན་དུ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱིས་སི་ཁྲོན་དང་། ཀྲེ་ཅང་། ཅང་སུའུ། པེ་ཅིང་། ཀོང་ཏུང་། ཁུང་ཆིང་བཅས་ཞིང་ཆེན་6དང་སྔ་རྗེས་སུ་གྲོས་མཐུན་ཡི་གེ་བཞག་པ་དང་འབྲེལ་པེ་ཅིང་སློབ་ཆེན་གྱི་ཁ་ནད་སྨན་ཁང་དང་། རྒྱལ་སའི་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་ཕུའུ་ཤིང་སྨན་ཁང་། སི་ཁྲོན་སློབ་ཆེན་གྱི་ཧྭ་ཤིས་སྨན་ཁང་སོགས་ནང་སའི་རྒྱལ་ཁབ་རིམ་པའི་སྨན་པ་དཀའ་བཅུ་པའི་གསོ་སྐྱོང་རྟེན་གཞི་11དང་གསོ་སྐྱོང་མངགས་བཅོལ་ལས་དོན་ཡང་སྤེལ་ཡོད།

    གྲངས་གཞི་ལས་མངོན་པར། 2014ལོའི་ཚུན་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་བ་དག་བོད་ཀྱི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་དང་དགེ་རྒན་གསོ་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱད་ཡོད། 2016ལོའི་ལོ་མཇུག་བར་བོད་ཀྱི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་གི་སློབ་མ་682ཀྱིས་གསོ་སྦྱོང་དང་ལེན་བྱས་པའི་ནང་ལྗོངས་ནང་ཁུལ་གྱི་གསོ་སྦྱོང་རྟེན་གཞིར་གསོ་སྦྱོང་དང་ལེན་བྱེད་མཁན་445དང་ལྗོངས་ཕྱིར་མངགས་བཅོལ་རྣམ་པའི་ཐོག་ནས་གསོ་སྦྱོང་བྱས་པ་མི་237ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།