
ཉེ་བའི་ལོ་ཤས་རིང་། སྤྱིའི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་44.17ཟིན་པའི་ལྷ་ས་སྣེའུ་ཁུལ་གསར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པའི་ཁར་ལྷ་སའི་མེ་འཁོར་བབས་ཚུགས་དང་། ལྷ་སའི་ལྷོ་ཚུགས་ཀྱི་ལྕགས་ལམ་ལྟེ་གནས། ལྷ་ཉིང་རིམ་མཐོའི་གཞུང་ལམ། ལྷ་གཞིས་ལྕགས་ལམ། གནམ་ཐང་མྱུར་བགྲོད་གཞུང་ལམ། གྲོང་སྐོར་མྱུར་བགྲོད་གཞུང་ལམ་སོགས་ལམ་བུ་མང་པོ་དང་སྦྲེལ་ཡོད་པས་ལངས་གཟུགས་རྣམ་པའི་འགྲིམ་འགྲུལ་དྲ་བ་འཐུས་ཚང་ཞིག་གྲུབ་ནས། གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་ཡིན་པའི་ལྷ་ས་སྣེའུ་ཁུལ་གསར་གྱི་འཛུགས་སྐྲུན་སྒྲོམ་གཞི་གཞི་རྩའི་ཆ་ནས་ཆགས་ཤིང་། འདི་ནི་ལྷ་ས་སྣེའུ་ཁུལ་གསར་གྱི་ཟུར་ཞིག་ཡིན་པ།