འདི་ལོ་ཚུན་དུ་གཉའ་ནང་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་མི་རིགས་ཁག་གི་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཅུས་དེས་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་ཀའི་ལག་བསྟར་ཇུས་གཞི་བཟོས་པ་དང་འབྲེལ་ཡོད་མི་སྣ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ས་ཚིགས་སུ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཤང(གྲོང་རྡལ)ཁག་དང་། གྲོང་ཚོ(གྲོང་ལྷན)ཁག སློབ་གྲྭ་བཅས་སུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་ལས་དོན་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་དུས་བཀག་ལྟར་བྱས་པར་ལས་བྱེད་མང་ཚོགས་ཧུར་ཐག་ཞུགས་ཡོད།
དེ་དང་ཆབས་ཅིག་ཅུས་དེས་ཆ་སྒྲིག་རོགས་སྐྱོར་ལས་དོན་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཕུགས་ཕན་ལམ་སྲོལ་ལ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་ལས་བཟོ་ཡོངས་དུད་ཚང་དབུལ་པོ་དང་ཆ་སྒྲིག་གཉེན་འཚོལ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་དུད་ཚང་དབུལ་པོར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་ཧུར་ཐག་བསལ་ཡོད་པ་རེད། གཞན་ཡང་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། མིག་སྔའི་བར་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3གཉེར་བའི་ནང་ཨར་འདམ་ལྕགས་རྩིབས་མའི་རྩལ་ནུས་གསོ་སྦྱོང་དུས་ཐེངས་2བྱས་ནས་ཞིང་འབྲོག་པ་མི་ཐེངས་70ལ་གསོ་སྦྱོང་བྱས་པ་དང་། ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་དུས་ཐེངས་གཅིག་བྱས་ནས་ཞིང་འབྲོག་པ་མི་ཐེངས་30ལྷག་ཙམ་ལ་ཁ་ལོ་བའི་ལག་ཁྱེར་རག་ཡོད་པ་རེད།