དབུ་ཤོག>གསར་འགྱུར།
  • འདི་ལོ་པེ་ཅིང་གིས་བོད་སྐྱོར་མ་དངུལ་གྱི་བཅུ་ཆ་བདུན་དབུལ་སྐྱོར་ལ་སྤྱོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-25

    འདི་ལོ་པེ་ཅིང་གི་བོད་སྐྱོར་འཆར་གཞིར་གཞིགས་ན། ལོ་ཧྲིལ་པོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.88གཏོང་རྒྱུ་དང་། དབུལ་སྐྱོར་རྣམ་གྲངས་31བཀོད་སྒྲིག་བྱ་རྒྱུ་དེས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་བསྡོམས་འབོར་གྱི་71.4%བཟུང་བ། དུད་ཚང་1440ཡི་མི་7687ལ་འབབ་འཕར་ཡོང་བ་བྱ་རྒྱུ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་909ཡི་མི་3408ལ་དབུལ་སྒྲོལ་བྱེད་རོགས་བྱ་རྒྱུ་བཅས་རེད།

    2017ལོའི་ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་བྱེད་རོགས་བྱེད་པ། མི་སྤྱོད་ཚན་པ་དང་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་མཁོ་དགོས་ཕྱོགས་གཉིས་ཀྱི་གདམ་གའི་ལས་སྟེགས་སྐྲུན་པ་བཅས་ཀྱི་ཆེད་དུ། པེ་ཅིང་གྲོང་ཁྱེར་གྱིས་སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ཤིང་། པེ་ཅིང་གྲོང་ཁྱེར་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་དང་། པེ་ཅིང་ཞིང་ལས་ཚོང་ལས་དངུལ་ཁང་། པེ་ཅིང་གྲོང་ཁྱེར་འཆར་བཙའ་ཨུ་ལྷན་སོགས་གཙོ་གཉེར་ཚན་པ་18ཀྱི་ཁེ་ལས་31སྒྲིག་འཛུགས་བྱས་ནས་ལས་གནས་ཁྱོན་196མཁོ་འདོན་བྱ་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་འཐབ་ཇུས་ལག་བསྟར་ལ་སྔར་བས་སྐུལ་འདེད་བཏང་སྟེ་ལྷ་སའི་ས་གཙང་ཐོན་རྫས་པེ་ཅིང་གི་ཁྲོམ་རར་སྔར་ལས་ལྷག་པའི་སྒོ་ནས་གཏོན་ཆེད། འདི་ལོ་པེ་ཅིང་གྲོང་ཁྱེར་གྱི་རོགས་རམ་འོག་པེ་ཅིང་གི་ཁེ་ལས་མང་པོ་ཞིག་དང་མཉམ་ལས་གྲོས་མཐུན་ཡི་གེ་བཞག་ནས་ལྷ་སའི་ས་གཙང་གི་ཁྲོམ་རའི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།