ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི”ཤེས་བྱའི་འགྲན་བསྡུར་བྱས་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)18ཀྱི་ཤང་གྲོང་204དང་གྲོང་ཁྱེར(རང་སྐྱོང་ལྗོངས་དང་ཀྲུང་དབྱང)ཐད་གཏོགས་ཚན་པ་81ཀྱི་མི་ཁྲི་3.5འགྲན་བསྡུར་ནང་ཞུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས“ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི”ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་འགྲན་བསྡུར་བྱེད་སྒོ་བརྒྱུད་ཏང་འཛུགས་སྐྱོང་གི་ཤེས་བྱ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཤེས་བྱ་གྲོང་ཁྱེར་དེ་ཡོངས་ཀྱི་སྒྲིག་ཁུངས་དང་མིང་ཐོའི་ནང་ཡོད་པའི་ལས་བྱེད་ལས་བཟོའི་ཁྲོད་ཁྱབ་གདལ་བཏང་ནས་ཏང་འཛུགས་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་སྡོད་ལས་དོན་བཅས་ཕན་ཚུན་མཉམ་འདྲེས་དང་སྐུལ་འདེད་གཏོང་བའི་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་བྱས་ནས་གཞི་རིམ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་དུ་གྱུར་བ་དང་གཞི་རིམ་ཏང་ཡོན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་པ་དང་བཀོད་འདོམས་པར་གྱུར་བ་བྱས་པ་རེད།