དབུ་ཤོག>གསར་འགྱུར།
  • ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-16

    “‘མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན’བྱེད་པ་ནི་གཙོ་བོ་སློབ་མར་རང་རྒྱལ་འདི་ཉིད་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་དེང་རབས་ཀྲུང་གོར་མཚོན་ཚུལ་དེ་ཚད་མཐོའི་གཅིག་གྱུར་ཡིན་པ་ཤེས་སུ་འཇུག་ཆེད་ཡིན། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན”ཞེས་ཉེ་ཆར་བོད་ལྗོངས་སློབ་ཆེན་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ་དང་ལྷག་པར་དུ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པའི་གཏིང་ཟབ་པའི་ནང་དོན་སྐོར་ལ་གསར་འགོད་པས་བོད་ལྗོངས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཁྲིད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཁྲུའུ་ཞའོ་ཧྲན་ལ་ཆེད་མངགས་བཅར་འདྲི་ཞུ་སྐབས་ཁོང་གིས་དེ་ལྟར་གསུངས་བྱུང་།

    “མི་རིགས་ཁག་གིས་ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་བསྐྲུན་ཡོད”ཅེས་ཁྲུའུ་ཞའོ་ཧྲན་གྱིས་གསར་འགོད་པར་དེ་ལྟར་གསུངས་པ་དང་ཁོང་གིས“རང་རྒྱལ་གྱི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གྲུབ་པའི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་འདི་ལྟར་ཡོང་སྲིད་པ་སྟེ། གཅིག རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་བདེ་སྐྱིད་ཡིན་པ་དང་། རྒྱལ་ཁབ་ཁ་ཕྲལ་དང་མི་རིགས་རྩོད་གླེང་ནི་ཆག་སྒོ་ཡིན་པ་དང་། གཉིས། སྟོབས་ཆེའི་རྒྱལ་ཁབ་ནི་མི་རིགས་དར་རྒྱས་དང་མི་སྒེར་བདེ་སྐྱིད་ཀྱི་རྨང་གཞིའི་ཆ་རྐྱེན་ཡིན་པ་དེའོ”ཞེས་གསུངས་ཤིང་། ཁོང་གིས་རང་རྒྱལ་གྱི་མི་རིགས་ཁག་ཁྱབ་ཚུལ་ཐད་ཕན་ཚུན་མཉམ་འདྲེས་འདུས་སྡོད་དང་། རིག་གནས་ཐད་མཉམ་སྡུད་མཉམ་གསོག དཔལ་འབྱོར་ཐད་གཅིག་ལ་གཅིག་བརྟེན། ཕན་ཚུན་བརྩེ་བ་ཟབ་ལ་འཆམ་མཐུན་བཅས་ཡིན་པ་ལས་ཁྱེད་ཁྲོད་བདག་གནས་པ་དང་། བདག་ཁྲོད་ཁྱེད་གནས་པ། སུ་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་སྣ་མང་གཅིག་གྱུར་གྱི་རྣམ་པ་ཞིག་ཆགས་པ་དང་། མི་རིགས་ཁག་བདེ་སྡུག་མཉམ་མྱོང་དང་། སྐྱིད་སྡུག་མཉམ་མྱོང་། ལྟ་རེས་སྲུང་རེས་བཅས་བྱས་ཏེ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཐུན་མོང་ཐོག་བསྐྲུན་ནས་སྲུང་སྐྱོབ་བྱས་ཡོད་པ་དང་། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་པའི་ངོས་འཛིན་གནང་གི་ཡོད།

    “བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི”སྐོར་གླེང་སྐབས་ཁྲུའུ་ཞའོ་ཧྲན་གྱིས་གནའ་སྔ་མོ་ནས་བཟུང་བོད་ཀྱི་རིག་གནས་འདི་ཉིད་མེས་རྒྱལ་ནང་སའི་རིག་གནས་དང་གཅིག་རྒྱུན་གཅིག་འཛིན་ཡིན་པ་དང་། རིག་གནས་ཀྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བོད་འདི་ཉིད་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཆོས་ཉིད་ཅིག་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་སྟོབས་ཤུགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་ཏེ་བོད་ཕུང་ཆོས་གནོད་བྱེད་མཁན་སྲིད་ཚོང་བ་བཅས་རེད། དེས་ན་ང་ཚོས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས་ལོ་རྒྱུས་ཤེས་པ་དང་ཡིན་མིན་གསལ་འབྱེད་ཐུབ་པ་བྱས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས་པའི་ངོས་འཛིན་གནང་གི་འདུག

    ཁྲུའུ་ཞའོ་ཧྲན་གྱིས་རང་རྒྱལ་གྱི་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་དོན་དངོས་ལས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པ་ནི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པའི་ལག་བསྟར་བ་དང་། བརྒྱུད་སྤེལ་བ། སྲུང་སྐྱོང་བ་བཅས་ཧུར་ཐག་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭའི་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི“མོས་སེམས་ལྔ”བརྟན་པོ་འཛུགས་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ཏེ་མདུང་རྩེ་ཁ་སྤྲོད་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། ཁྱད་པར་ལ་བརྩི་འཇོག་དང་། སྣ་མང་བསྟུན་མཁས། ལྟ་རེས་སྲུང་རེས། ཕན་ཚུན་སློབ་སྦྱོང་བཅས་བྱས་ན་གཞི་ནས“ཁྱད་ཆོས་དར་སྤེལ་གཏོང་བ་དང་། ཁྱད་འཕགས་ལེགས་ཆ་ལེན་པ། བསྟུན་མཁས་སློབ་སྦྱོང་བྱེད་པ། མཉམ་འདྲེས་འཆམ་མཐུན་ཡོང་བ”བཅས་བྱེད་ཐུབ་པའི་ངོས་འཛིན་གནང་གི་འདུག

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།