དབུ་ཤོག>གསར་འགྱུར།
  • ཆ་སྒྲིག་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-14

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། མཚོ་སྣ་རྫོང་གིས་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་དབུལ་པོར་འགྱུར་རྐྱེན་ལ་སླར་ཡང་དབྱེ་ཞིབ་བྱེད་པ་དང་། རོགས་སྐྱོར་བྱ་ཐབས་སླར་ཡང་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་སྲིད་ཇུས་སླར་ཡང་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ལས་དོན་རྒྱ་ཁྱབ་ངང་བསྒྲུབས་ཏེ་ཆ་སྒྲིག་རོགས་སྐྱོར་བྱས་ནས་དབུལ་པོ་ཁག་གཅིག་དབུལ་པོའི་གནས་ལས་སྒྲོལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    བྱེད་སྒོ་སྤེལ་ཚུན། ཆ་སྒྲིག་རོགས་སྐྱོར་ལ་དངོས་ཕན་ཐོབ་པའི་འགན་ལེན་བྱ་ཆེད། རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་2016ལོའི་ཆ་སྒྲིག་རོགས་སྐྱོར་གྱི་སྒྲོམ་གཞི་ཆེ་མོའི་རྨང་གཞིའི་ཐོག་རོགས་སྐྱོར་བྱ་ཐབས་ལེགས་གཏོང་དང་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་རོགས་སྐྱོར་འགན་འཁུར་བ་ཁག་གིས་ལེགས་སྒྲིག་བྱས་རྗེས་ཀྱི་རོགས་སྐྱོར་ས་ཚིགས་གཞིར་བཟུང་བཀོད་སྒྲིག་བྱས་པ་མ་ཟད། མང་ཚོགས་ཐེངས་གྲངས་1256དང་མི་གྲངས་3452ལ་འབྲེལ་བ་བྱས་ཏེ་ཞབས་འདེགས་ཞུས་ནས་ལས་ཀའི་ཞིབ་གསལ་ཐོ་འགོད་དེབ་3214བཟོས་ཏེ་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཏན་ཏིག་ཆུད་པར་བྱེད་པ་དང་། དབུལ་པོའི་རིགས་དབྱེ་བ་འབྱེད་པ། དབུལ་པོར་འགྱུར་རྐྱེན་འཚོལ་བ། དབུལ་པོའི་རིགས་གཏན་འཁེལ་བྱེད་པ་བཅས་ཀྱི་ཐོག་ནས་དོན་སྙིང་ངོ་མ་ལྡན་པའི་དུད་ཚང་དབུལ་པོ་དང་རོགས་སྐྱོར་ཆ་སྒྲིག་བྱས་ཡོད། རོགས་སྐྱོར་འགན་འཁུར་བ་ཁག་གིས་མང་ཚོགས་དབུལ་པོར་ཐོན་སྐྱེད་འཕེལ་རྒྱས་དང་ཡོང་འབབ་འཕར་སྣོན་སོགས་ཐད་ཀྱི་གནད་དོན་དངོས་དང་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རོགས་བྱས་ཏེ་མ་དངུལ་དང་། དངོས་པོ། ལག་རྩལ། ཆ་འཕྲིན། ལས་ཞུགས་སོགས་ཐད་ནས་དུད་ཚང་དབུལ་པོར་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཡོད།

    གཞན་ཡང་མཚོ་སྣ་རྫོང་གིས་སྲིད་ཇུས་དྲིལ་བསྒྲགས་ཐད“དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་དབུལ་སྐྱོར་བྱེད་པའི”ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མང་ཚོགས་དབུལ་པོར་ཏང་དང་སྲིད་གཞུང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་གང་ལེགས་སྤྱོད་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་རང་རྟོགས་ངང་འཚོལ་ཞིབ་བྱ་རྒྱུའི་ལྕག་སྐུལ་བཏང་བ་དང་། དབུལ་སྒྲོལ་གྱི་ཡིད་ཆེས་བརྟན་གཏོང་དང་དབུལ་སྒྲོལ་གྱི་ཁོར་ཡུག་བཟང་པོ་བཏོད་དེ་བསམ་ཕོད་པ་དང་སྒྲུབ་ཕོད་པའི་བློ་སྟོབས་དང་ཡིད་ཆེས་ལ་བརྟེན་ནས“སྒུག་བརྟེན་སློང”གསུམ་གྱི་བསམ་བློར་ནུས་ཤུགས་ཡོད་རྒུས་འགྱུར་ལྡོག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།