དབུ་ཤོག>གསར་འགྱུར།
  • “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-14

    སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་གྱི་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཆུ་ཤུར་རྫོང་གནམ་ཤང་ཏང་ཀྲི་པུས་གྲོང་ཚོ་དེ་གའི་དོན་དངོས་ལ་གཞི་ཚུགས་ནས། “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་མང་ཚོགས་ཀྱིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་གོ་དོན་ཟབ་མོར་དེ་བས་གོ་བ་གཏིང་ཟབ་ལེན་ཆེད། གྲོང་ཚོའི་ཏང་ཀྲི་པུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་སྦྱོང་སློབ་ཚན་འཚོགས་པ་དང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན”སྐོར་གྱི་ཤེས་བྱའི་འགྲན་བསྡུར་ཆེ་མོ་དང“རྒྱལ་གཅེས་གླུ་དབྱངས་མཉམ་དུ་ལེན”ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་ནང་དོན་སྔོག་འདོན་དང་། མང་ཚོགས་སློབ་སྦྱོང་སློབ་གསོར་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།