དབུ་ཤོག>གསར་འགྱུར།
  • བྱ་ཐབས་མང་པོ་བཏོན་ནས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་སྐོར་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-14

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱི་གོང་འོག་ཚང་མས་བརྡ་ལན་ཧུར་ཐག་ཞུས་ཏེ་དུས་མཚམས་དང་པོའི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ལེཌ་གྲུབ་བྱས་རྗེས། རྫོང་ཆུས་ཁག་ཏུ་དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་ཚ་རླབས་སླར་ཡང་འཕྱུར་བ་བྱས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བཟང་པོ་བཏིང་བ་རེད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་བྱེད་སྒོའི་བླང་བྱར་དམ་པོར་དམིགས་ནས་བཀོད་སྒྲིག་ཞིབ་ཚགས་ཀྱིས“འདེགས་སྐྱོར་བཞི”ཤུགས་ཆེར་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིར”ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་བསམ་གྲུབ་རྩེ་ཆུས་ཀྱིས་མི་ཚོགས་མང་ས་སོགས་ཀྱི་ཁུལ་དུ་འཕྲེད་འགེལ་ཡི་གེ་འགེལ་བ་དང་། སྦྱར་ཚིག་སྦྱོར་བ། དྲིལ་བསྒྲགས་སྒྲོམ་སྟེགས་འཛུགས་པ་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་་ནས་དྲིལ་བསྒྲགས་བྱས་པར་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་པ་རེད། བསམ་གྲུབ་རྩེ་ཆུས་སྒྲོག་འགྲེལ་ཚོགས་པས“གཤམ་སྤེལ་ལྔ”ཡི་བྱེད་སྒོ་དང་ཟུང་འབྲེལ་གྱིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱ་རྒྱུར་གཙོ་གནད་ཐོག་དམིགས་ཏེ་རིག་རྩལ་འཁྲབ་སྟོན་དང་སྒྲོག་འགྲེལ་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱས་པ་མ་ཟད། ལོ་བརྒྱད་ཅུར་སླེབས་པའི་ཏང་ཡོན་རྒན་གྲས་གདན་དྲངས་ནས་རང་གི་མཐོང་ཐོས་མྱོང་གསུམ་ཤོད་ཏུ་བཅུག་སྟེ། མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ཤིང་གི་འདུ་ཤེས་ཟབ་ཏུ་བཏང་ཐོག མེས་རྒྱལ་ལ་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན་གྱི་སྤྲོ་སེམས་སྔར་བས་འཕེལ་རྒྱུར་སྐུལ་འདེད་བཏང་བ་རེད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དོན་དངོས་དང་ཟུང་འབྲེལ། དངོས་ཕན་ལ་སྣང་ཆེན་བཅས་བྱས་ཏེ་གཏན་འབེབས་བྱ་སྤྱོད་ལ་དམ་འཛིན་བྱེད་པ་དང་དུས་མཚུངས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“ཡོད་པ་བཅུ་དང་གསུམ་སྤེལ་གསུམ་ལྡན་དང་འགྱུར་ལྡོག་ལྔའི”རང་འདེམས་བྱ་སྤྱོད་དང“དར་སྲོལ་གསར་པ་གངས་ལྗོངས་ཡོངས་ལ་ཁྱབ”ཅེས་པ་གཞི་རྟེན་དུ་བྱེད་པའི་བྱེད་སྒོ་བཏོན་ནས། ལག་ལེན་བྱེད་སྒོའི་ཤུཌ་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    གོ་འཇོ་རྫོང་གིས་བྱ་ཐབས་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་ལས་བྱེད་མང་ཚོགས་ལ་རིགས་པའི་གཞུང་ལུགས་ཀྱི་སྟོན་མོ་གྲ་རྒྱས་པོ་བཤམས་པས་རིགས་པའི་གཞུང་ལུགས་སྦྱོང་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་དམིགས་ཡུལ་སྒྲུབ་པར་བྱས་པ་རེད། རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས། རྫོང་དེ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་སྒྲོག་འགྲེལ་རྐང་འཛིན་པ་མངགས་ནས་སྒྲོག་འགྲེལ་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་མ་ཟད། ད་དུང་སྒྲོག་འགྲེལ་པ་རྣམས་ཀྱིས་གོ་བདེ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་གྱི་ངོ་བོ་སྒྲོག་འགྲེལ་བྱ་རྒྱུའི་སྣེ་ཁྲིད་བྱས་པ་རེད། རྫོང་ཨུད་དྲིལ་བསྒྲགས་པུས“སྐད་འཕྲིན་སྤྱི་རྟགས་དང་སྒྲོག་འགྲེལ”ཟུང་དུ་འབྲེལ་ནས་སྤྱི་རྟགས་ཐོག་ཏུ་ཆེད་སྒྲིག་ལེ་ཚན་བཏོད་ལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འབྲེལ་ཡོད་ཆ་འཕྲིན་སྤེལ་ནས། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་ལས་ཞོར་གྱི་དུས་ཚོད་སྤྱད་དེ་ཀློག་འདོན་དང་སློབ་སྦྱོང་བྱེད་དུ་བཅུག་པས་སློབ་སྦྱོང་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད།

    འཕྱོངས་རྒྱས་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་ཐང་པོ་ཆེ་གྲོང་ཚོར“ཁྱེད་ཀྱིས་སྒྲོག་འགྲེལ་གནོངས་དང་ང་ཡིས་སློབ་སྦྱོང་བྱེད། ཁྱེད་ཀྱིས་དྲི་བ་ཐོན་དང་ང་ཡིས་དྲི་ལན་འདེབས”ཞེས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་རང་འགུལ་ངང་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ། གྲོང་མི་ཚོ་སྒོར་སྒོར་བྱས་ཏེ་བསྡད་ནས་སྒྲོག་འགྲེལ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་སྒྲོག་འགྲེལ་ལ་ཉན་པ་དང་། དེ་རྗེས་སྒྲོག་འགྲེལ་པས་དྲི་བ་བཏོན་ནས་གྲོང་མི་ཚོ་དཔྱད་བསྡུར་སྤེལ་རེས་བྱེད་དུ་བཅུག་ཅིང་། གྲོང་མིར་དོགས་གཞི་བྱུང་ཚེ་སྒྲོག་འགྲེལ་པས་རེ་རེ་བཞིན་འགྲེལ་བཤད་བརྒྱབ་ནས། གྲོང་མི་ཚོས་དགའ་དགའ་སྤྲོ་སྤྲོའི་ངང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་རྟོགས་པར་བྱས་པ་རེད། གཞན་ཡང་། སྒྲོག་འགྲེལ་ཚོགས་པས་མང་ཚོགས་ལ་རང་ངོས་སམ་ཡང་ན་ཉེ་འགྲམ་ནས་འགོ་བརྩམས་ཏེ་རང་གི་འཁྲིས་ཀྱི་ནང་མི་དང་མང་ཚོགས་ལག་ལེན་བྱེད་སྒོར་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་དགོས་པའི་སློབ་གསོ་ཡང་བཏང་བ་རེད། ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོར་གྲོང་ཚོ་དེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད། ད་དུང་འཕྱོངས་རྒྱས་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྔར་བས་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ནས་རྫོང་དེ་ཡོངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་ཕན་འབྲས་དངོས་ཐོན་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།