༡ བྱིས་པར་སོ་བརྟན་པོ་ཞིག་ཡོང་བར་བྱ་དགོས་ན། ཁོ་ཚོའི་འཚོ་བཅུད་དོ་སྙོམས་ལ་ཡིད་གཟབ་བྱ་དགོས།
༢ སོ་བརྟན་པོ་ཡོང་བར་བྱེད་པ་ནི་བདེ་ཐང་གྱི་ནུ་སོ་ཡིན་མིན་དང་ཐད་ཀར་འབྲེལ་བ་ཡོད་པས། ངེས་པར་དུ་བྱིས་པ་ནུ་སོ་སྐྱེས་པའི་དུས་ནས་ཁ་ཡི་གཙང་སྦྲར་དོ་སྣང་བྱ་དགོས།
༣ བྱིས་པར་སྐྱེ་མ་ཐག་པའི་སོའམ་ཡང་ན་ནུ་སོ་གང་ཡིན་རུང་། སོ་སྲིན་ཡོང་བདེ་བས་སྔོན་འགོག་ལ་ལྷག་པར་དོ་ནན་བྱ་དགོས།
༤ བྱིས་པ་ཆུང་ཆུང་འོ་མ་ཆད་པའི་དུས་ཚོད་ལ་མངར་ཆའི་རིགས་ཉུང་ཙམ་སྟེར་དགོས།
༥ དུས་རྒྱུན་དུ་བྱིས་པའི་སོར་ཧྥུའུ་རྒྱུ་ལྡན་པའི་སོ་སྨན་བྱུག་དགོས་པ་བཅས་སོ།