དབུ་ཤོག>གསར་འགྱུར།
  • དབུལ་སྒྲོལ་ལ་རོགས་རམ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-13

    414146_yis_1499837888364.jpg

    ད་ཕན་ལོ་ཤས་རིང་། “ཐང་ག་འབྲི་བའི་ཚ་རླབས”འཕྱུར་བ་དང་སྦྲགས་ཐང་ག་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་དེ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། ལྷ་མོ་བླ་མཚོ་ཐང་གའི་སྒྱུ་རྩལ་གླིང་ནི་བོད་ཀྱི་རྡོ་ལུགས་ཐང་གའི་སྒྱུ་རྩལ་རི་མོ་དང་གསོ་སྦྱོང་ལྟེ་གནས་ཡིན་ལ་རང་སྐྱོང་ལྗོངས་སུ་གཞི་ཁྱོན་ཆེ་ཤོས་ཀྱི་ཆེད་ལས་ཐང་གའི་སྒྱུ་རྩལ་གླིང་ཞིག་ཀྱང་རེད། ལོ་མང་རིང་ཐང་གའི་སྒྱུ་རྩལ་གླིང་དེས་མི་རིགས་ཀྱི་སྒྱུ་རྩལ་གསར་གཏོད་དང་འཕེལ་རྒྱས་བཏང་བ་དང་སྦྲགས་དུས་ཡུན་རིང་པོའི་ནང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་བསྡུས་ནས་ཐང་ག་བཞེངས་སྟངས་བསླབས་ཤིང་། འདི་ནི་ལྷ་མོ་བླ་མཚོ་ཐང་གའི་སྒྱུ་རྩལ་གླིང་གི་ལྷ་འབྲི་ཆེ་མོ་བས་ནན་ཏན་ངང་ཐང་ག་བཞེངས་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།