སྲན་ལྗང་།
སྲན་ལྗང་ལ་འདུས་ཚད་ཅུང་མང་ཞིང་ལུས་ཕུང་ལ་ཐིམས་རྗེས་ཕྱིར་ཐོན་པའི་ཚ་ཚད་ཀྱང་ཅུང་ཉུང་། དེར་བརྟེན་སྲན་ལྗང་གིས་པགས་པའི་འོག་ཏུ་ཚི་ལུ་ཕུང་གསོག་མ་ཐེབས་སྔོན་འགོག་ཐུབ།
ཀིའུ་ཚོད།
ཀིའུ་ཚོད་ལ་ཚི་སྣ་ཅུང་མང་ཙམ་འདུས་ཡོད་པས་བཤང་བ་བབ་བདེ་བའི་ནུས་པ་ལྡན་ཞིང་། རྒྱུ་ལམ་གྱི་མང་དྲགས་པའི་འཚོ་བཅུད་ཕྱིར་འབུད་བྱེད་ཐུབ།
ཧོང་ཀྭ།
ཧོང་ཀྭ་ལ་ཁྲུན་ག་པ་སྐྱུར་གཉིས་ཅན་འདུས་ཡོད་པས་དེས་བཟའ་བཅའི་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཚི་ལུར་འགྱུར་བར་ཚོད་འཛིན་བྱེད་ཀྱི་ཡོད།
ལ་ཕུག་དཀར་པོ།
ལ་ཕུག་དཀར་པོར་ཀའེ་ཙེ་སྣུམ་སོགས་དངོས་རྫས་འདུས་ཡོད་པས་ཚི་ལུའི་རིགས་ཀྱི་དངོས་རྫས་ཆེས་ལེགས་པོའི་སྒོ་ནས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་གི་ཡོད། ད་དུང་རྟག་ཏུ་ཏུང་ཀྭ་བཟས་ན་ཡང་གཟུགས་པོའི་ཤ་སྐམ་དུ་འགྲོ་བར་ཕན།