དབུ་ཤོག>གསར་འགྱུར།
  • དུས་བདེ་སྲུང་སྐྱོང་དང་དམངས་འཚོར་དམ་འཛིན་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-12

    ལོ་མང་རིང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་དང་པོའི་དཔོན་དམག་ཚོས་ལྷག་བསམ་དག་པོས་འགན་འཁྲི་འཁུར་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ཐོག བཅའ་སྡོད་ཁུལ་ཕ་ཡུལ་དུ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩིས་ཏེ་ལེགས་སྐྱེས་ལ་བརྟེན་ནས་ཡིད་ཆེས་ཐོབ་པར་བྱས་པ་མ་ཟད། ནུས་ཤུགས་ཡོད་རྒུས་བཅའ་སྡོད་ཁུལ་གྱི་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་པ་དང་བརྩེ་བ་དངོས་དང་། ལྷག་བསམ། གཅེས་སེམས་བཅས་ལ་བརྟེན་ནས་ཉེན་དམངས་མཐུན་སྒྲིལ་གྱི་མཛེས་རིས་གསར་པ་ཞིག་བཞེངས།

    བརྩེ་སེམས་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ས་བོན་བཏབ་པ།

    “དངུལ་དང་ཅ་དངོས་མ་སྟེར་ན་ཚང་མ་སྟོང་པ་རེད”ཅེས་མཉམ་སྐྲུན་བྱེད་སྐབས་ཐོག་མར་བཅའ་སྡོད་ཁུལ་སྣེའུ་གྲོང་ཚོའི་མི་སེར་གྱིས་འཁང་ར་དེ་ལྟར་བྱས། “དབུལ་ཕོངས་ཀྱི་རྩ་བ་ནི་བསམ་བློར་ཐུག་པའི”རྒྱུ་རྐྱེན་དབྱེ་ཞིབ་ཐུབ་པའི་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཚན་ཁག་གི་ཁོངས་མིས་དགོན་སྡེ་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ་བཅས་སུ་བསྐྱོད་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ཏེ་ཆ་སྒྲིག་གཉེན་འཚོལ་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། ཉིང་ལག་རུ་ཁག་དེས་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་གྲོང་ཚོར་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དམངས་ཕན་རོགས་སྐྱོར་ལམ་སྲོལ་སྒྲོག་འགྲེལ་བྱས་ནས། མང་ཚོགས་ཚོར་བསམ་བློའི་ཐོག་ནས་དབུལ་ཕོངས་ལས་སྒྲོལ་ཐུབ་པའི་ཡིད་ཆེས་དང་འཐབ་སེམས་འཛུགས་རྒྱུའི་སྣེ་ཁྲིད་བྱས། གྲོང་མི་50ལྷག་ལས་སྒྲུབ་པའི་ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་འདེབས་འཛུགས་དང་གསོ་ཚགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་ནས། རིགས་གཅིག་མཁས་ཅན་གྱིས་ཁྲིད་སྟོན་དང་། མི་ཤུགས་ཀྱིས་རོགས་སྐྱོར། ཐེབས་རྩས་རོགས་སྐྱོར་བཅས་བྱེད་པའི་བྱ་ཐབས་སྤྱད་པ་མ་ཟད། སྒོར་ཁྲི་35ཞལ་འདེབས་ཕུལ་ནས་སྣེའུ་གྲོང་གསར་ལ་དྲོད་ཁང་ཆེ་མོ་སྐྲུན་རོགས་བྱས་པ་དང་ལག་རྩལ་འཇོན་ཐང་ཅན་གདན་དྲངས་ནས་ཆ་སྒྲིག་ཤང་དང་གྲོང་ཚོར་འདེབས་འཛུགས་དང་གསོ་ཚགས་མཁན་གསོ་སྦྱོང་བྱས་པར། ལོ་དང་པོ་ཁོ་ནར་ཡོང་འབབ་སྒོར་ཁྲི་10ལྷག་བྱུང་བ་རེད། དེ་དང་ཆབས་ཅིག གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྣེའུ་གྲོང་ཚོའི་གཞིས་སྲུང་རྒན་རྒོན་36དང་ཕྲུ་གུ་གཅིག་རང་དེ་གྲོངས་པའི་ཁྱིམ་ཚང་10ལ་འབྲས་དང་གྲོ་ཞིབ་སྣུམ་བཅས་སྤྱི་རྒྱ་5000ལྷག་དང་འཚམས་འདྲིའི་དངུལ་སྒོར་ཁྲི་3ལྷག་བསྐྱལ་བ་རེད།

    ལྷག་བསམ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མཁར་རྫོང་བརྟན་པོ་བསྐྲུན་པ།

    ཉིང་ལག་རུ་ཁག་དེས་འབྲས་སྤུངས་དགོན་དུ་གྲྭ་ཕན་འཕྲོད་བསྟེན་ཁང་བཙུགས་ནས་རིན་ཐང་སྒོར་ཁྲི་3ལྷག་རི་བའི་སྨན་བཅོས་ཡོ་བྱད་དང་སྨན་རྫས་ཞལ་འདེབས་ཕུལ་བ་དང་སྨན་བཅོས་སྐོར་སྐྱོད་ཞབས་ཞུའི་ས་ཚིགས་བཙུགས་ཏེ་ཟླ་རེའི་ཚེས་1ཉིན་སྨན་བཅོས་ཡན་ལག་རུ་ཁག་སྒྲིག་འཛུགས་ཀྱིས་དགོན་སྡེར་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་དེ་གྲྭ་དམངས་ལ་འོས་འགན་སྨན་བཅོས་དང་རིན་མེད་ངང་མི་ཐེངས་120ལ་བརྟག་དཔྱད་བྱས་པ་དང་རིན་ཐང་སྒོར་ཁྲི་2ལྷག་རི་བའི་སྨན་རྫས་སྤྲད་པ་མ་ཟད། བོད་ཀྱི་ལོ་གསར་རིང་དགེ་འདུན་པ་དབུལ་པོ་10ལ་འཚམས་འདྲིར་བསྐྱོད་ནས་འབྲས་དང་། མར། ཕག་ཀྲིན་སོགས་འཚོ་བའི་མཁོ་ཆས་སྤྲད་པ་རེད།

    “དགོན་པའི་དགེ་འདུན་པར་དྲོ་སྐྱིད་སྐྱེལ་བ་དང་། གཅེས་སེམས་སྦྱིན་པ། བྱ་བ་དངོས་སྒྲུབ་པར་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཚེ། གཞི་ནས་དགོན་སྡེ་ཞིག་མཉམ་ཏུ་གཏོད་པ་དང་། ཕྱོགས་གཅིག་གི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ། ཕྱོགས་གཅིག་གི་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་སྒྲུབ་ཐུབ”ཅེས་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་བསམ་བློ་དེ་ལྟར་བཏང་བ་རེད་ལ། བྱས་ཀྱང་དེ་ལྟར་བྱས་པ་རེད། ཉིང་ལག་རུ་ཁག་དེས་དགོན་སྡེ་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཀྱིས་དགོན་སྡེའི་དོ་དམ་གྱི“གཅིག་རེ་དྲུག”དང་། “ཡོད་པ་དགུ” “ཁྱབ་པ་གཅིག”བཅས་ཀྱི་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་པ་དང་དགོན་སྡེའི“ཡོད་པ་དྲུག”སོགས་ནང་དོན་དོན་འཁྱོལ་བྱས་པ་དང་སྦྲགས། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱ་གཞིར་བརྩིས་ནས། སྔ་རྗེས་སུ་དགོན་སྡེ་5དང་མཉམ་སྐྲུན་གྲོས་ཆོད་ལ་མིང་རྟགས་བཀོད་པ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པ་12ལས་སྒྲུབ་པའི་སྒྲོག་འགྲེལ་རུ་ཁག་བཙུགས་ནས་དགོན་སྡེ་དོ་དམ་ཨུ་ལྷན་དང་མཉམ་དུ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། ཆོས་ལུགས་རང་གཅུན། མི་རིགས་མཐུན་སྒྲིལ་སོགས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས། ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། དགོན་སྡེ་བརྟན་ལྷིང་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།