དབུ་ཤོག
  • ཟས་རིགས་ཀྱི་དུག་རྒྱུ་སེལ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-10

    1.འབྲུ་སྣུམ་སོགས་ཉར་ཚགས་བྱེད་སྐབས་དྲོད་ཚད་དམའ་ལ་སྐམ་ཤས་ཆེ་སར་འཇོག་པ་དང་བ་དམ་ཡིན་ན་པགས་པ་མ་བཤུས་པར་འཇོག་དགོས།

    2.ཚལ་རྔོ་སྐབས་ཚལ་སླང་དུ་སྣུམ་དང་མཉམ་དུ་ཚྭ་ཏོག་ཙམ་བླུགས་ནས་བཙག་བཅད་དེ་དྲོད་ཚད་ཏུའུ་180ཡས་མས་ལ་སླེབས་མཚམས་སྐར་མ་ཕྱེད་ཀ་ཙམ་བཞག་ན་དུག་སེལ་ཡག་པོ་བྱེད་ཐུབ།

    3.འབྲས་འཁྲུ་སྐབས་འཕུར་འཕུར་ཡག་པོ་བཏང་ནས་གཙང་མ་བཀྲུ་དགོས།

    4.བུལ་ཏོག་ལ་དུག་སེལ་བྱེད་པའི་ནུས་པ་ལྡན་པས་འབྲས་སོགས་ལ་བཙོག་སྐྱོན་ཤོར་བའི་དོགས་པ་ཡོད་ཚེ་འབྲས་ཐུག་སྐོལ་སྐབས་བུལ་ཏོག་ཏོག་ཙམ་རྒྱག་དགོས།

    5.ཚོད་ལྟ་བྱས་པར་གཞིགས་ན་རླངས་བཀག་ཁྲོའི་ནང་དུ་འབྲས་རླངས་བཙོས་བརྒྱབ་ན་དུག་སེལ་བྱེད་པའི་ཕན་ནུས་ཧ་ཅང་ཡག་པོ་ཐོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།