དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ནི་སྲོག་རྩ་ཡིན།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-10

    མིག་སྔར། བོད་ལྗོངས་སློབ་ཆེན་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་དང་ལྷག་དོན་དུ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་དོན་སྙིང་གལ་ཆེན་ལ་དམིགས་ནས་གསར་འགོད་པས་བོད་ལྗོངས་སློབ་ཆེན་བསམ་བློ་ཆབ་སྲིད་རིག་གཞུང་སློབ་ཁྲིད་པུའི་ཧྲུའུ་ཅི། དགེ་རྒན་ཆེ་མོ་བ་བཀྲ་ཤིས་ལ་ཆེད་མངགས་བཅར་འདྲི་བྱས་པ་ཡིན།

    “ད་རེས་རང་སྐྱོང་ལྗོངས་ཀྱིས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་དོན་ནི་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད” བཀྲ་ཤིས་ཀྱིས་ལྗོངས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་དོན་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་མཐའ་གཅིག་ཏུ་བྱེད་པར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་དམ་པོར་འབྲང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཆེན་པོ་བྱེད་པ། རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་གཞིས་ཡོད་པའི་རྒྱལ་ཁབ་དང་ཁྱིམ་གཞིས་ཀྱི་བརྩེ་སེམས་ཟབ་མོ་བརྟན་པོར་འཛུགས་པ། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་བསམ་བློ་བརྟན་པོར་བཙུགས་པའི་ཁར་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པའི་ངོས་འཛིན་གང་ལེགས་བྱས་ཚེ་གཞི་ནས་རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཙིགས་ཆེན་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཙིགས་ཆེན་བྱེད་པའི་ངོས་འཛིན་བྱེད།

    རང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ཤུགས་རྐྱེན་སྐོར་གླེང་སྐབས་བཀྲ་ཤིས་ཀྱིས“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་མི་རིགས་དང་། ཆོས་ལུགས། རིག་གནས། མི་ཆོས་སོགས་ཀྱི་དར་ཆ་བསྒྲེངས་ནས་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པ་ནི་མི་དམངས་ཀྱི་སྲིད་དབང་སྲུང་སྐྱོབ་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ། དར་ཆར་སྲུང་སྐྱོབ། འགྲོ་ལམ་ལ་སྲུང་སྐྱོབ་བཅས་ཀྱི་སྒམ་ནན་གྱི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཁ་ཕྲལ་གྱི་ལོག་སྤྱོད་ལྐོག་གཡོར་ངོས་འཛིན་གསལ་པོ་བྱེད་དགོས་ན། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། རིགས་ཕྱེ་ནས་སློབ་གསོ་རྒྱག་པ། ཡུལ་བབ་དང་བསྟུན་པ། གོ་བདེ་ཤེས་སླ་དང་། སྟབས་བདེ་གནད་བསྡུས། བྱ་ཐབས་གསར་གཏོད་དང་རྣམ་པ་གསོན་ཉམས་དོད་པ། རྩེད་མོའི་ཞོར་དུ་སློབ་གསོ་གཏོང་བ། རྩེད་མོའི་ཞོར་ལ་ལག་རྩལ་སློབ་པ། སློབ་གསོ་ཐོབ་མཁན(ཁ་གཏད་བྱ་ཡུལ)དབྱེ་བ་འབྱེད་པ། བྱེད་ཐབས་སྣ་ཚོགས་སྤྱོད་པ། རིག་གཞུང་ནས་ལག་ལེན་བར་སྣང་ཆེན་བཅས་བྱས་ནས་ཁྱིམ་ཚང་དང་སྒོ་ར་དང་། ཞིང་ནང་དང་མུ་ཁ། འབྲོག་ར་དང་སྦྲ་གུར། སློབ་གྲྭའི་སློབ་ཁང་། དགོན་སྡེའི་གྲྭ་ཤག་བཅས་སུ་བསྐྱོད་དེ་བྱེད་ཐབས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་དགོས་པའི”ནན་བཤད་བྱས་པ་རེད།

    མི་རིགས་ཁག་གི་མང་ཚོགས་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་འགྲེལ་བཤད་གསལ་པོ་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཚོར་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་བྲལ་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    བཀྲ་ཤིས་ཀྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཡོད་ན་གཞི་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཡོད་པ་ལག་ལེན་གྱིས་ར་སྤྲོད་བྱས་དང་བྱེད་མུས་རེད་ཅེས་བརྗོད་ཅིང་། ཁོང་གིས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་ཚེ་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་དགོས། དེ་ནི་སྟོབས་ཤུགས་ཀྱི་འབྱུང་རྩ་རེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་པ་བྱེད་པའི་བསམ་པའི་ཡོང་གཞི་ཞིག་དེ་བས་ཀྱང་རེད། དེར་བརྟེན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལྟར་རྒྱུན་འཁྱོངས་ལྷོད་མེད་དང་འབད་འབུངས་ཡར་བརྩོན་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་འཐབ་ཇུས་ཀྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཕན་གྱི་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་སྒྲུབ་པ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཐུན་སྒྲིལ་ལས་བྱུང་བའི་ཕན་པ་དངོས་སུ་ཚོར་བ་དང་མཐུན་སྒྲིལ་ལས་བྱུང་བའི་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ཞེས་བརྗོད།

    སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་རེད། བཀྲ་ཤིས་ཀྱིས་མིག་སྔར་རང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་སུ་གནས་ཡོད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཡོད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་དགོས་ཚེ་མི་ཚང་མས་ཏན་ཏན་ཏིག་ཏིག་དང་འབད་པ་ལྷུར་ལེན་གྱིས་ལས་དོན་སྒྲུབ་དགོས་པ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོས་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།