དབུ་ཤོག
  • སྒོ་ང་ངོ་མ་དང་རྫུས་མ་ལས་སླ་པོར་དབྱེ་བ་ཕྱེ་སྟངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-04

    微信图片_20170704163221.bmp

    གཅིག སྒོ་ང་ངོ་མའི་ཕྱི་ལྤགས་རྩུབ་པོ་ཡོད། སྒོ་ང་ནི་སྐྱེ་ལྡན་དངོས་གཟུགས་ཤིག་ཡིན་པས། དབུགས་རྔུབ་དགོས་སྟབས་སྒོ་ངའི་ཕྱི་ལྤགས་ཐོག་བུ་ག་མང་པོ་ཡོད་པ་དང་ལག་པས་རེག་དུས་རྩུབ་པོ་ཡོད། སྒོ་ང་རྫུས་མ་ནི་འཕྲུལ་ཆས་ཀྱིས་བཟོས་པ་ཞིག་ཡིན་པས་ལག་པས་རེག་དུས་ཧ་ཅང་འཇམ་པ་དང་ཕྱི་ལྤགས་ཐོག་བུ་ག་མཐོང་རྒྱུ་མེད། གཞན་ཡང་སྒོ་ངའི་སེར་རིལ་སྦར་བཙིར་གཏོང་སྐབས་ལག་པར་ཏོག་ཙམ་འཇར་གྱི་ཡོད་པ་རྒྱུན་གཏན་ཞིག་རེད་ཅེས་རིགས་གཅིག་མཁས་ཅན་གྱིས་བཤད།

    微信图片_20170704163418.jpg

    གཉིས། སྒོ་ང་ངོ་མ་བཙོས་རྗེས་སྒོ་ངའི་སྤྲི་དཀར་གྱི་ཕྱི་ངོས་པགས་པ་དཀར་པོ་སྲབ་པོ་ཞིག་ཀྲིས་བཏུམ་ཡོད། སྒོ་ང་ངོ་མ་བཙོས་རྗེས་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་གྱི་བང་རིམ་ཧ་ཅང་གསལ་པོ་ཡོད། སྒོ་ང་རྫུས་མ་ནི་མི་ཐབས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་གྱི་བང་རིམ་དེ་ཙམ་མངོན་གསལ་དོད་པོ་མེད། བཙོས་ཟིན་པའི་སྒོ་ངའི་པགས་པ་བཤུས་རྗེས་སྒོ་ངའི་སྤྲི་དཀར་གྱི་ཕྱི་ངོས་པགས་པ་དཀར་པོ་སྲབ་པོ་ཞིག་བཏུམ་པ་མཐོང་རྒྱུ་ཡོད། མི་ཐབས་ལ་བརྟེན་ནས་བཟོས་པའི་སྒོ་ངའི་སྤྲི་དཀར་གྱི་ཕྱི་ངོས་སུ་པགས་པ་དཀར་པོ་དེ་མཐོང་རྒྱུ་མེད་ཅེས་རིགས་གཅིག་མཁས་ཅན་གྱིས་བཤད།

    微信图片_20170704163234.bmp

    གསུམ། སྒོ་ང་རྫུས་མས་སྣུམ་སྲེག་སྒོང་ང་ཡག་པོ་ཞིག་བཟོ་ཁག་པོ་ཡོད། “སྒོ་ང་རྫུས་མ་ནི་མི་ཐབས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་གྱི་བང་རིམ་གསལ་པོ་མེད། གལ་ཏེ་སྒོ་ང་རྫུས་མ་སྤྱད་ནས་སྣུམ་སྲེག་སྒོང་ང་བཟོས་ཚེ་སྣུམ་སྲེག་ཡག་པོ་ཞིག་ཆགས་ཁག་པོ་ཡོད་པ་དང་སྒོ་ངའི་སྤྲི་དཀར་དང་སྒོ་ངའི་སེར་རིལ་མཉམ་དུ་འདྲེས་ཁག་པོ་ཡོད”ཅེས་རིགས་གཅིག་མཁས་ཅན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།