སྤུན་ཉེ་གཉེན་སྒྲིག་བྱེད་པ་ཞེས་པ་ནི་ཐད་ཀའི་སྤུན་མཆེད་གཉེན་སྒྲིག་བྱེད་པར་ཟེར་ཞིང་། ཐད་ཀའི་སྤུན་མཆེད་ནི་སྤོ་བོ་དང་། རྨོ་བོ། ཕ་མ་དང་། བུ་ཕྲུག བུ་རབས་ཚ་རྒྱུད་བཅས་ལ་ཟེར་བ་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་སྤུན་མཆེད་ཟེར་བ་ནི་མི་རབས་གསུམ་ནང་ཚུན་དུ་ཐུན་མོང་གི་ཕ་མེས་སྤུན་མཆེད་ཡོད་པར་ཟེར་བ་སྟེ། དཔེར་ན། གཅེན་གཅུང་མིང་སྲིང་། མ་སྤུན་གཅེན་གཅུང་མིང་སྲིང་། ཕ་རྒྱུད་གཅེན་གཅུང་མིང་སྲིང་། ཨ་ཁུ། ཨ་ནེ། ཨ་ཞང་སོགས་ཡིན།
ཞིབ་འཇུག་བྱས་འབྲས་ལས་གསལ་བར། སྤུན་ཉེ་མ་ཡིན་པ་གཉེན་སྒྲིག་བྱས་པའི་ཕྲུ་གུའི་ཤི་ཚད་བརྒྱ་ཆ་2.4%ཡིན་པ་དང་དེ་ལས་ལྡོག་སྟེ་སྤུན་ཉེ་གཉེན་སྒྲིག་བྱས་པའི་ཕྲུ་གུའི་ཤི་ཚད་8.1%ཟིན་གྱི་ཡོད་པས་སྔ་མ་ལས་ལྡབ་གསུམ་གྱིས་མང་བ་ཡོད། དེའི་རྒྱུ་མཚན་ནི་སྤུན་ཉེ་གཉེན་སྒྲིག་བྱས་ཚེ་ཕོ་མོ་གཉིས་པོའི་ནད་སློང་བའི་གཞི་རྒྱུ་མཉམ་དུ་འདུས་ནས་རྒྱུད་འཛིན་ནད་ཕོག་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
བསྡོམས་རྩིས་བྱས་འབྲས་ལྟར་ན། སྤུན་ཉེ་གཉེན་སྒྲིག་བྱས་པའི་རྒྱུད་འཛིན་ནད་ཕོག་ཚད་དེ་སྤྱིར་བཏང་གི་གཉེན་སྒྲིག་ལས་ལྡབ་150ཡིས་མཐོ་བ་ཡོད། དེས་ན་སྤུན་ཉེ་གཉེན་སྒྲིག་བྱས་ཚེ་རྒྱལ་ཁབ་ལ་ཕན་ཐོགས་མེད་ལ། ཁྱིམ་ཚང་ལའང་ཕན་ཐོགས་མེད།