དབུ་ཤོག>གསར་འགྱུར།
  • བྱིས་པའི་ཕན་བདེ་ཁང་ནས།དགོད་སྒྲ་ལྷང་ལྷང་ཐོས་བྱུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-07-03

    ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱིས་བཙུགས་པའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པའི་ཕན་བདེ་ཁང་གཅིག་པུ་དེ་ཡིན་པ་དང་2016ལོའི་ཟླ་བ་གཉིས་པར་དངོས་སུ་སྤྱོད་འགོ་ཚུགས་ཡོད།

    409033_yis_1498541186280.jpg

    2016ལོའི་ཟླ་བ་བདུན་པར་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་བོད་དུ་འབྱོར་ཚུན་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་ལ་བརྟེན་ནས་དབུལ་སྐྱོར་རྒུད་སྐྱོབ་ཀྱི་ཐེབས་རྩ་བཙུགས་ཏེ་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་120ལྷག་ཙམ་ལ་རོགས་རམ་དང་ཕན་བདེ་ཁང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་ཕྲུ་གུ་ཚོར་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་བཟང་པོ་བཏོད་ཅིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་ངང་དཔེ་དེབ་ལྟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།