དུས་ཀྱི་འཁོར་ལོ་མདུན་དུ་བསྐྱོད་ནས་འཁྱུག་ཙམ་ཞིག་ལ་རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་གཅིག་འདས་ཟིན། གངས་ལྗོངས་ས་མཐོར་སྐྱོད་སྐབས་སྨྱུག་འཛིན་པས་མཐོང་བར་ལོ་གཅིག་རིང་བོད་སྐྱོར་ལས་བྱེད་པ་ཚོས་སེམས་ནུས་ཡོད་ཚད་བོད་སྐྱོར་བྱ་ཡུལ་གྱི་ལས་དོན་ཁག་ལ་ཕྱོགས་ནས་འདུ་ཤེས་གསར་པ་འཚོལ་ཞིབ་དང་། བྱེད་ཐབས་གསར་པ་གསར་གཏོད། བསམ་ཕྱོགས་གསར་པ་དོན་གཉེར་བཅས་བྱས་ཏེ་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་བཞིན་འདུག
གསར་གཏོད་ནི་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ད་ཕན་ལོ་ཤས་རིང་། ནོར་སྲིད་ཀྱི་རོགས་སྐྱོར་ཕུད་བོད་དུ་ཚོང་འགུགས་མ་འདྲེན་བྱེད་པ་དང་། རིག་གནས་བོད་སྐྱོར་ཐད་ལས་དོན་སྤེལ་བ། བོད་སྐྱོར་གྱི་བྱེད་ཐབས་གསར་པ་ལག་བསྟར། བྱེད་ཐབས་སྣ་ཚོགས་པ། བསམ་བློ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ་བོད་སྐྱོར་ལས་བྱེད་པ་ཚོས་བོད་སྐྱོར་ལམ་བུའི་ཐོག་ནང་སའི་བྱེད་ཐབས་གསར་པ་དང་བསམ་བློ་གསར་པ་བོད་དུ་རྒྱུན་ཆད་མེད་པར་ལག་བསྟར་བྱས་ནས་བོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ་མ་ཟད། བོད་འཕེལ་རྒྱས་ཀྱི་བསམ་བློ་གསར་པ་བཏོད་ཡོད་པ་རེད།
ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་ནི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་འདུ་ཤེས་གསར་པ་འཚོལ་ཞིབ་བྱེད་དགོས། བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་སྐབས་བསམ་བློའི་འཆིང་རྒྱ་གཏོར་ནས་བསམ་ཕྱོགས་གསར་གཏོད་བྱས་ཏེ་བོད་སྐྱོར་ལས་དོན་དེ་བས་གཏིང་ཟབ་སྒྲུབ་དགོས་པའི་བླང་བྱ་འདོན་པ་དང་འབྲེལ། ལུས་ཚུགས་ཐུབ་པ་བྱས་ཏེ་དཀའ་ཚེགས་ལ་མི་སྐྲག་པར་ས་མཐོའི་འཕེལ་རྒྱས་ཆེད་རང་འགུལ་ངང་འབྲེལ་ཟམ་འཛུགས་པ་དང་ནུས་ཤུགས་གང་ཡོད་ཀྱིས་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱས་ཏེ་ལེགས་སྐྱེས་འབུལ་ཕོད་པ་དང་། དཀའ་སྡུག་ལ་མི་སྐྲག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ། དཀའ་སྤྱད་ལས་སྐྲུན་བཅས་བྱེད་དགོས།
བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་འགན་འཁུར་ཕོད་པའི་འདུ་ཤེས་དང་གསར་གཏོད་ཀྱི་བསམ་བློ་ནི་མེད་དུ་མི་རུང་བ་ཞིག་རེད། བོད་སྐྱོར་ལས་བྱེད་པ་ཚོས་འགན་འཁྲི་དང་བརྩེ་སེམས་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་ལས་དོན་ནང་བབ་བརླིང་དང་། ཁེངས་སྐྱུང་། ཏན་ཏིག་བཅས་བྱེད་པ་དང་འབྲེལ། ལས་དོན་སྒྲུབ་སྐབས་བསམ་བློ་མང་ཙམ་གཏོང་བ་དང་ལས་ཀའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་རང་ཉིད་ཀྱི་ལང་ཚོ་དང་། བློ་གྲོས། སྟོབས་ཤུགས་བཅས་བོད་མི་དམངས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་ད་དུང་བྱེད་ཐབས་གསར་གཏོད་བྱེད་དགོས། བརྩེ་སེམས་བཅངས་བཞིན་བོད་སྐྱོར་ལས་དོན་བསྒྲུབ་དགོས་པ་མ་ཟད། བློ་གྲོས་དང་ལྡན་པར་བསྒྲུབ་དགོས། ངར་ཤུགས་དང་སྤྲོ་སེམས་ཡོད་པ་ཙམ་གྱིས་མི་འགྲིག་པར་ད་དུང་བློ་གྲོས་དང་། བྱེད་ཐབས། ཐབས་ཇུས་བཅས་ཡོད་དགོས། བརྩེ་སེམས་དང་བློ་གྲོས་ནུས་ལྡན་ངང་ཟུང་འབྲེལ་བྱས་ཚེ། གཞི་ནས་བོད་སྐྱོར་ལས་དོན་དེ་སྤུས་ཚད་ལྡན་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་བསྒྲུབ་ཐུབ།