དབུ་ཤོག>གསར་འགྱུར།
  • ​ ཁྲེང་ཏུའུ་ཞིབ་བཤེར་ཀུང་སི་དང་བོད་སྐྱོར་ལས་དོན་ས་ཚིགས་ཐད་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-27

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁང(བསྡུས་མིང་དུ་སྤུས་བཤེར་ཁང)གིས་ཁྲེང་ཏུའུ་ཐོན་རྫས་སྤུས་ཚད་ཞིབ་བཤེར་ཞིབ་འཇུག་ཁང་ཚད་ཡོད་འགན་འཁྲི་ཀུང་སི(བསྡུས་མིང་དུ་ཁྲེང་ཏུའུ་ཞིབ་བཤེར་ཀུང་སི)དང་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་བོད་སྐྱོར་ལས་དོན་ས་ཚིགས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྤུས་བཤེར་ཁང་གི་འབྲེལ་ཡོད་འགན་འཁུར་བས་བོད་སྐྱོར་ལས་དོན་ས་ཚིགས་གྲུབ་ཚུལ་གྱི་རྒྱབ་ལྗོངས་དང་། བོད་སྐྱོར་ལས་དོན་ས་ཚིགས་འཛུགས་པའི་དོན་སྙིང་། དེ་བཞིན་བོད་སྐྱོར་ལས་དོན་ས་ཚིགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་འཆར་འགོད་བཅས་ལ་གཞིགས་ནས་ལས་དོན་སྙན་སེང་ཞུས་པ་དང་དུས་མཚུངས་རང་སྐྱོང་ལྗོངས་སྤུས་བཤེར་ཁང་གི་ཚབ་ཞུས་ནས་ཁྲེང་ཏུའུ་ཞིབ་བཤེར་ཀུང་སིས་དུས་ཡུན་རིང་པོའི་ནང་སྤུས་བཤེར་ཁང་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁྲེང་ཏུའུ་ཞིབ་བཤེར་ཀུང་སིའི་འགན་འཁུར་བས་ཁྲེང་ཏུའུ་ཞིབ་བཤེར་ཀུང་སིས་ཁ་གཏད་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་ཆབས་ཅིག་མཉམ་ལས་ཀྱི་རྣམ་པ་དང་བྱེད་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཁྲེང་ཏུའུ་ཞིབ་བཤེར་ཀུང་སིའི་ལག་རྩལ་གྱི་ལེགས་ཆ་དང་བོད་ཀྱི་སྤུས་བཤེར་ཁང་གི་ཐོན་ཁུངས་ཀྱི་ལེགས་ཆ། ས་ཆ་དེ་གའི་ཐོན་ལས་ཀྱི་ལེགས་ཆ་བཅས་བེད་སྤྱོད་ལེགས་པར་བྱས་ནས་ཆ་འཕྲིན་སྤེལ་རེས་དང་། ལེགས་ཆ་གསབ་རེས། ཐོན་ཁུངས་མཉམ་སྤྱོད། མཉམ་ལས་གཉིས་ཕན་བཅས་ཡོང་བ་བྱས་ཏེ་བོད་སྐྱོར་ལས་དོན་ས་ཚིགས་ཀྱི་མཉམ་ལས་མཐུན་སྦྱོར་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་ཕྱོགས་གཉིས་པོས་བོད་སྐྱོར་ལས་དོན་ས་ཚིགས་ཀྱི་རོགས་སྐྱོར་ནང་དོན་ལ་གྲོས་བསྡུར་བྱས་པར་ཐུན་མོང་གི་ངོས་འཛིན་གྲུབ་སྟེ་བོད་སྐྱོར་ལས་དོན་ས་ཚིགས་མཉམ་སྐྲུན་བརྒྱུད་བོད་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ཞབས་འདེགས་ཞུ་རྒྱུའི་འདོད་འདུན་མཚོན་པར་བྱས་པ་དང་ཆབས་ཅིག་བོད་སྐྱོར་ལས་དོན་ས་ཚིགས་ཀྱི་མཉམ་ལས་གྲོས་མཐུན་ཡང་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།