ཉིན་ཤས་གོང་། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཉེར་འགན་འཁུར་བའི་2017ལོའི་བོད་སྐྱོར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད། ཐེངས་འདིའི་བོད་སྐྱོར་གསོ་སྦྱོང་ནི་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བོད་དུ་སྤྱི་འདོམས་ཐོག་གཉེར་བའི་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་རྫོང་རིམ་པའི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁུར་བ་དང་ལས་སྒོའི་རྐང་འཛིན་ཚུད་པའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ཡིན་ལ། སྔར་ནས་ད་བར་གཞི་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་བོད་སྐྱོར་གསོ་སྦྱོང་ཞིག་ཡིན་ཞིང་། ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ལས་སྒོའི་ལས་བྱེད་པ་མི་ཐེངས་352ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་21ཡིན་པ་དང་ལྟ་སྐུལ་དོ་དམ་གྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དང་། ཞིབ་བཤེར་ཁྲིམས་འཛིན་ནུས་པ་དང་སྨན་རྫས་ལྟ་སྐུལ་ཞིབ་བཤེར་གྱི་ཆེད་དོན་གསོ་སྦྱོང་གཉེར་རྒྱུ་རེད།