དབུ་ཤོག
  • མིའི་ལུས་པོར་ཏེན་ཚྭ་མི་འདང་བ་ལས་བྱུང་བའི་སྣང་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-23

    1 、མིའི་ལུས་པོར་མཁོ་བའི་ཏེན་ཚྭ་མ་འདང་ན་བློ་རིག་ལ་ཤུགས་རྐྱེན་ཐེབས་ཏེ་ཤེས་པ་རབ་རིབ་ཆགས་པ་དང་བློ་རིག་སྐྱོན་ཅན་ཆགས་ཀྱི་ཡོད།

    2  、ཏེན་ཚྭ་མ་འདང་ཚེ་མངོན་གསལ་དོད་ཤོས་ཀྱི་སྣང་ཚུལ་དེ་ལྦ་བ་སྐྱེ་ཡི་ཡོད།

    3 、ཏེན་ཚྭ་མ་འདང་བའི་རྐྱེན་གྱིས་གཟུགས་པོ་ཆུང་ཆུང་ཆགས་པ་དང་། ཕོ་མོའི་སྐྱེ་གནས་དབང་པོ་རྒྱུན་གཏན་ལྟར་སྐྱེ་འཚར་མི་ཐུབ།

    4 、ཏེན་ཚྭ་མ་འདང་བ་ལས་འོན་ལྐུགས་ཆགས་པ་མ་ཟད་དྲག་སྐྱེད་ཡོང་ཁག་པོ་ཡོད།

    5 、ཏེན་ཚྭ་མ་འདང་བ་ལས་ཡུལ་ནད་རང་བཞིན་གྱི་སྟོད་སྒུར་ནད་ཕོག་སྟེ་གཟུགས་པོ་ཆུང་ཆུང་ཆགས་པའམ་ གླེན་ལྐུགས་དང་། ཐ་ན་ཞ་འཁུམས་ཀྱང་ཆགས་ཀྱི་ཡོད། དེར་བརྟེན་མི་རྣམས་ཀྱིས་རྒྱུན་གཏན་ནས་ཏེན་ཚྭ་འདུས་ཆེ་བའི་ཟས་རིགས་ཁ་གསབ་བྱས་ནས་ཏེན་ཚྭ་མི་འདང་བའི་དབང་གིས་བདེ་ཐང་ལ་གནོད་འཚེ་བཟོ་བའི་སྣང་ཚུལ་མི་ཐོན་པ་བྱ་དགོས།  

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།