དབུ་ཤོག
  • ལུས་སྦྱོང་བྱེད་པར་དུས་ཚོད་འཚམ་ཤོས།

  •     སྤེལ་དུས།  2017-06-21

    ལུས་སྦྱོང་བྱེད་རྒྱུ་དེ་གཟུགས་ཁམས་བདེ་ཐང་ཡོང་བའི་རྩ་བ་ཡིན་མོད། འོན་ཀྱང་ཞོགས་པ་ལུས་སྦྱོང་བྱེད་སྐབས་མཐའ་འཁོར་གྱི་ཁོར་ཡུག་ལ་ཡིད་གཟབ་བྱེད་དགོས་པ་སྟེ། རྩི་ཤིང་རིགས་ཀྱིས་མཚན་མོར་དབྱང་རླུང་བསྡུ་ལེན་བྱེད་པ་དང་། དབྱང་གཉིས་ཐཱན་འགྱུར་བླངས་དོར་བྱེད་པས་ཞོགས་པ་ཉི་མ་མ་ཤར་གོང་དུ་ལྕང་གླིང་ཁྲོད་དབྱང་གཉིས་ཐཱན་འགྱུར་གྱི་རླངས་གཟུགས་འདུས་ཚད་མཐོ་པོ་ཡོད་པ་རེད། གལ་ཏེ་མི་རྣམས་ཀྱིས་ཁོར་ཡུག་དེ་འདྲའི་འོག་ལུས་སྦྱོང་དང་དབུགས་རྔུབ་ལེན་བྱས་པ་ཡིན་ན་དབྱང་གཉིས་ཐཱན་འགྱུར་འབོར་ཆེན་ལུས་པོའི་ནང་བསྡུ་ལེན་བྱེད་པར་བརྟེན་ནས་མགོ་ན་བ་དང་མགོ་ཡུར་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེར་བརྟེན་མི་རྣམས་ཀྱིས་ཞོགས་པ་ཉི་མ་ཤར་རྗེས་ལུས་སྦྱོང་བྱས་ན་འཚམ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།