གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་6ཚེས་19ཉིན་ནས་ཟླ་6ཚེས་25ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་གཙང་པོ་རྒྱུག་ཁུལ་གྱི་དབུས་ཤར་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད། གཟའ་ལྷག་པ་ནས་པ་སངས་བར་ནག་ཆུ་དང་། གཞིས་རྩེ། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་བ་ནས་རིམ་བཞིན་ཆར་པ་ཆུང་བ་འབབ་རྒྱུ། གཟའ་མཇུག་ཏུ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཙང་པོ་རྒྱུག་ཁུལ་གྱི་ཤར་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་བབ་དམའ་བའི་ས་ཆ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུ་ས་ཁུལ་གྱི་དབུས་ཤར་རྒྱུད་དང་ཆབ་མདོ་ས་ཁུལ་གྱི་བྱང་རྒྱུད་དུ་ཆར་པ་འབྲིང་བ་ནས་ཆུང་བའི་བར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་བ་ནས་རིམ་བཞིན་ཆར་པ་སིམ་སིམ་འབབ་རྒྱུ་རེད།
གཉིས། གྲོས་འགོ།
1.གཟའ་འཁོར་འདིའི་ནང་ཆར་པ་ཡང་སེ་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།
2.ནག་ཆུ་དང་གཙང་པོ་རྒྱུག་ཁུལ་སོགས་སུ་གཏད་རྒྱུག་གནམ་གཤིས་བསྟན་མང་བའི་དབང་གིས་ཐོག་དང་སེར་བ་འགོག་རྒྱུར་ཡིད་གཟབ་བྱེད་དགོས།