རྒྱུན་དུ་མི་རྣམས་ཀྱིས་ཚོན་ཁྲ་ཅན་གྱི་ཤེལ་ཏོག་དང་། རྒྱུན་གཏན་གྱི་གློག་སྒྲོན། འཇའ་ཚོན་གློག་སྒྲོན། གར་སྟེགས་ཐོག་གི་འགུལ་སྐྱོད་གློག་སྒྲོན་སོགས་ཀྱི་འོག་ཏུ་བསྡད་དྲགས་ན། དེས་མིག་ཤེད་ལ་གནོད་འཚེ་གཏོང་གི་ཡོད་པ་མ་ཟད་ད་དུང་ཀླད་ཆེན་གྱི་དབང་རྩའི་མ་ལག་སོགས་ཀྱི་ནུས་པར་ཕོག་ཐུག་གཏོང་གི་ཡོད། དཔེར་ན་དུས་ཚོད་རིང་པོ་གློག་འོད་འདྲ་མིན་སྣ་ཚོགས་ཀྱི་ཁོར་ཡུག་འོག་བསྡད་ཚེ་མགོ་ན་བ་དང་། མགོ་ཡུར་འཁོར་བ། སེམས་དངངས་སྐྲག་སྐྱེས་པ། མཚན་མོ་གཉིད་ཁུག་དཀའ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། མི་འགའ་ཞིག་ལ་དྲན་ཤེས་ནུས་པ་ཉམས་པ་དང་ཟས་ཀྱི་དང་ག་མེད་པ་སོགས་ཀྱི་ནད་རྟགས་མངོན་གྱི་ཡོད་པས་ཁོར་ཡུག་དེ་འདྲའི་འོག་ཡིད་གཟབ་བྱེད་དགོས།