2017ལོའི་ཟླ་6ཚེས་14ཉིན་ནི“འཛམ་གླིང་ཁྲག་སྦྱིན་འབུལ་མཁན་གྱི་ཉིན་མོ”ཐེངས་14པ་དེ་ཡིན་པ་རེད།
བྱེད་སྒོའི་གཙོ་གནད་ནི། ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲག་སྦྱིན་འབུལ་རྒྱུ་དེ་ཡིན།
འབོད་ཚིག “ཁྲལ་སྦྱིན་འབུལ་དགོས། ད་ལྟ་ཁྲལ་སྦྱིན་འབུལ་དགོས་ལ། རྟག་ཏུ་ཁྲག་སྦྱིན་འབུལ་དགོས”བརྗོད་དོན་གཙོ་བོ། “ངས་གང་ཞིག་བྱེད་ཐུབ་བམ”
བྱེད་སྒོའི་ནན་བཤད། མི་ཚང་མས་ཛ་དྲག་གི་གནས་ཚུལ་འོག་ཁྲག་སྦྱིན་འབུལ་ནས་གཞན་ལ་རོགས་རམ་བྱེད་དགོས་པ་དང་དུས་བཀག་བཞིན་ཁྲག་སྦྱིན་འབུལ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན་པ།
འཛམ་གླིང་ཁྲག་སྦྱིན་འབུལ་མཁན་གྱི་ཉིན་མོ།
ལོ་ལྟར་གྱི་ཟླ་6ཚེས་14ཉིན་འཛམ་གླིང་རྒྱལ་ཁབ་ཁག་གིས་འཛམ་གླིང་ཁྲག་སྦྱིན་འབུལ་མཁན་གྱི་ཉིན་མོར་རྟེན་འབྲེལ་ཞུ་གི་ཡོད།
བྱེད་སྒོ་དེ་བརྒྱུད་མི་རྣམས་ཀྱིས་བདེ་ཐང་གི་ཁྲག་དང་ཁྲག་གི་བཟོས་རྫས་མཁོ་བའི་ངོས་འཛིན་མཐོ་རུ་གཏོང་གི་ཡོད་པ་དང་ཆབས་གཅིག་ཁྲག་སྦྱིན་འབུལ་མཁན་ལ་ཚེ་སྲོག་སྐྱོབ་པའི་ཟུངས་ཁྲག་གི་ལག་རྟགས་ཕུལ་བར་ཐུགས་རྗེ་ཆེ་ཞུ་གི་ཡོད།
གོ་ལ་ཧྲིལ་པོར་ལོ་ལྟར་ཁྲག་སྦྱིན་འབུལ་ཚད་དུང་ཕྱུར་ཐེངས་1.125ཟིན་གྱི་ཡོད།
ལོ་ལྟར་ཁྲག་སྦྱིན་འབུལ་མཁན་ནང་50%ཙམ་ནི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཡིན་པ་རེད།
མིག་སྔར་ཟུངས་ཁྲག་མཁོ་འདོན་བྱེད་མཁན་རྒྱལ་ཁབ་62ཙམ་ཞིག་ཡིན་པ་དེ་དག་100%ནི་རང་མོས་ཀྱིས་ཁྲག་སྦྱིན་འབུལ་མཁན་ཤ་སྟག་ཡིན་པ་རེད། ཁྲག་འབུལ་མཁན་100%ནས་ཡོང་གི་ཡོད།
དཔྱད་གཞིའི་ཡོང་ཁུངས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་འཕྲོད་བསྟེན་འཆར་རྩ་ཨུ་ལྷན།