གྱོན་གོས་འཁྲུ་བ།

གྱོན་གོས་འཁྲུ་སྐབས་འབྲས་ཁུའི་ནང་སྐར་མ་10ཙམ་སྦངས་རྗེས་དག་རྫས་བརྒྱབ་སྟེ་བཀྲུས་ན་གྱོན་གོས་གཙང་དག་ཐུབ་པ་དང་ལྷག་པར་དུ་གྱོན་གོས་དཀར་པོའི་རིགས་ལ་ཕན་ནུས་མངོན་གསལ་ཆེན་པོ་ཡོད།
ཨ་ཅོར་འཁྲུ་བ།

ཨ་ཅོར་ཐོག་ཤིང་འབྲས་ཀྱི་ཁུ་བ་སོགས་འགོས་པ་དང་། ཡང་ན་རྔུལ་ཆུའི་དྲི་ངན་ཁ་བ། ཡུན་རིང་བེད་སྤྱོད་བཏང་བས་མཁྲེགས་པོ་ཆགས་ཚེ། ཡག་ཤོས་བྱུང་ན་ཨ་ཅོར་འབྲས་ཁུའི་ནང་རླངས་བཙོས་སྐར་མ་10བརྒྱབ་ན་ཨ་ཅོར་གཙང་སེལ་དང་མཉེན་པོ་ཆགས་པ་མ་ཟད་ད་དུང་ཨ་ཅོར་སྟེང་གི་དྲི་ངན་མེད་པ་བཟོ་ཐུབ།
དཀར་ཡོལ་དང་སྡེར་མ་འཁྲུ་བ།

འབྲས་ཁུར་དྲེག་པ་དག་པའི་ནུས་པ་ལྡན་པའི་ཁར་རྫས་འགྱུར་འདུས་མེད་པས། དེས་དཀར་ཡོལ་དང་སྡེར་མའི་རིགས་བཀྲུས་ན་དག་རྫས་གཞན་ལས་ལྷག་པ་ཡོད།
གདོང་པ་འཁྲུ་བ།

ཉིན་ལྟར་ཞོགས་པ་དང་དགོང་མོ་ཐེངས་རེར་འབྲས་ཁུ་ངོ་གདོང་ལ་བྱུགས་ཏེ་སྐར་མ་20ཙམ་འཕུར་མཉེད་བཏང་ནས་བཀྲུས་ན་ངོ་གདོང་གི་པགས་པ་དཀར་པོ་ཆགས་པ་མ་ཟད་འཇམ་པོ་ཆགས་ཀྱི་ཡོད།
བཀྲག་རྩིའི་དྲི་ངན་སེལ་བ།

བཀྲག་རྩི་བྱུགས་མ་ཐག་པའི་ཁྱིམ་ཆས་ལ་དྲི་མ་ངར་པོ་ཞིག་བྲོ་གི་ཡོད་པས། དེའི་སྐབས་རས་མཉེན་པོ་ཞིག་འབྲས་ཁུའི་ནང་སྦངས་ཏེ། བཀྲག་རྩི་བྱུག་པའི་ཁྱིམ་ཆས་ཀྱི་སྟེང་བྱུགས་ནས་དུས་ཚོད་ཅུང་སོང་མཚམས། ཡང་བསྐྱར་ཕྱི་རས་གཙང་མ་ཞིག་གིས་གཙང་ཕྱིས་་བཏང་ན་བཀྲག་རྩིའི་དྲི་ངན་སེལ་ཐུབ།