ཉེ་དུས་ལྷོ་ཁའི་ལྷོ་རྒྱུད་དང་ཉིང་ཁྲིར་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པས་ས་གཤིས་གནོད་འཚེ་ཐོན་རྒྱུར་ཡིད་གཟབ་བྱེད་དགོས།
སྔོན་དཔག ལྷོ་རྒྱུད་རླུང་གནོན་དམའ་བའི་སྤྲིན་རྒྱུད་ཀྱི་ཤུགས་རྐྱེན་འོག་ཚེས་12ཉིན་ནས་ཚེས་14ཉིན་བར་གྱི་ཉིན་མོ་ལྷོ་ཁའི་ལྷོ་རྒྱུད་དང་ཉིང་ཁྲིར་ཆར་པ་འབྲིང་བ་འབབ་རྒྱུ་དང་དེའི་ནང་མཚོ་སྣ་ནས་མེ་ཏོག་བར་གྱི་ས་བབ་དམའ་བའི་ས་ཁུལ་དུ་དྲག་ཆར(ཧའོ་སྨི་30ནས་60བར)འབབ་རྒྱུ་དང་། གཞིས་རྩེའི་ཤར་ལྷོ་རྒྱུད་དང་། ནག་ཆུའི་དབུས་ཤར་རྒྱུད། གཙང་པོ་རྒྱུག་ཁུལ་གྱི་དབུས་ཤར་དུམ་བུ་བཅས་སུ་ཆར་པ་འབྲིང་བ་ནས་ཆུང་བ་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་བ་ནས་རིམ་བཞིན་ཆར་པ་ཆུང་བ་འབབ་རྒྱུ།
གྲོས་འགོ ལྷོ་ཁའི་ལྷོ་རྒྱུད་དང་ཉིང་ཁྲིར་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པས། ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་སླ་བས་ཚང་མས་དོགས་ཟོན་ཆེར་བསྐྱེད་བྱེད་དགོས།