བཟའ་བཏུང་ལ་འགྱུར་བ་བྱུང་བའི་རྐྱེན་གྱིས་ཕྲུ་གུ་དམར་འབྱར་གྱི་བཙོག་པ་སྐམ་པོ་ཆགས་པའི་དཔེ་མང་པོ་ཡོད། བཟའ་བཅའ་གསར་པ་བཟས་པའི་རྐྱེན་གྱིས་སྔར་ནས་གོམས་པའི་ལྟོ་བའི་འཇུ་ནུས་འཁྲུག་པ་དང་བཟའ་བཅའ་གསར་པ་འཇུ་མི་ཐུབ་པ་ནི་བཙོག་པ་འགག་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཨ་མས་ཕྲུ་གུ་དམར་འབྱར་གྱི་ཞོར་ཟས་སྟེར་སྐབས་ངེས་པར་དུ་ཉུང་ཙམ་སྟེར་དགོས་ལ་ཐེངས་རེར་ཞོར་ཟས་སྣ་ཁ་གཅིག་ལས་སྟེར་རྒྱུ་མེད། ཉིན་ལྔ་ནས་བདུན་བར་འཇུ་མིན་བལྟས་རྗེས་དམིགས་བསལ་གནས་ཚུལ་ཐོན་མེད་ཚེ་ཟས་སྣ་གཅིག་ཁ་སྣོན་བརྒྱབ་ནས་ཕྲུ་གུར་ཚད་དང་རན་པའི་འཇུ་རིམ་ཞིག་ཡོང་བ་བྱེད་དགོས།