1.སྙིང་ནད་ཡོད་པ་མ་ཟད། སྙིང་ཤུགས་ཉམས་པ་དང་། སྙིང་གཟེར་ལངས་པ། སྙིང་རྩ་འགག་པ་སོགས་ཀྱི་ནད་རྟགས་ཡོད་མཁན་གྱིས་གཟའ་འཁོར་གཅིག་གི་ནང་ཚུན་དུ་གཟུགས་པོ་རྟག་ཏུ་བཀྲུ་མི་རུང་བ་དང་ལྷག་པར་དུ་རླངས་ཁྲུས་བྱ་མི་རུང་།
2.གཟུགས་པོ་འཁྲུ་སར་དྲོད་སྲུང་དང་རླུང་རྒྱུག་པའི་སྒྲིག་ཆས་བསྒར་ནས་ཆམ་པ་མི་ཕོག་པ་བྱ་དགོས། ཆུའི་དྲོད་ཚད་ཏུའུ་30ནས་35བར་བྱས་ན་འཚམ་པོ་ཡོད་པ་དང་། དྲོད་ཚད་དམའ་དྲགས་ན་པགས་པའི་ཁྲག་རྩ་རྒྱས་པ་དང་། སྙིང་དང་། ཀླད་པ། མཁལ་མ་སོགས་དབང་པོའི་ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཉུང་དུ་འགྲོ་བ། གསོ་རླུང་མི་འདང་བ་སོགས་ཀྱི་སྣང་ཚུལ་ཐོན་ནས་ཚབས་ཆེ་ན་སྲོག་ལ་ཉེན་ཁ་བཟོ་གི་ཡོད།
3.སྙིང་ནད་ཕོག་མཁན་གྱིས་གཟུགས་པོ་འཁྲུ་དུས་ཆུ་ཚོད་ཕྱེད་ཀ་ལས་མི་བརྒལ་བ་བྱ་དགོས་པ་དང་ཟླ་རེར་གཟུགས་པོ་ཐེངས་གཉིས་ནས་བཞི་བར་བཀྲུས་ན་འཚམ་པོ་ཡོད།